ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ།

རང་ཟླ་ ༤ པའི་ཚེས་ ༡༢ སྤྱི་ཟླ་ ༥ པའི་ཚེས་ ༢༨ ལས་ ཐིམ་ཕུ་ཀུན་གསལ་ཕོ་བྲང་ལུ་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་འཇིག་མེད་ཆོས་གྲགས་མཆོག་ དབུ་བཞུགས་ཐོག་ལུ་ ཐིམ་ཕུ་རྫོང་ཁག་གི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཚོགས་གནངམ་ཨིན་པས།
ལོ་བསྟར་བཞིན་དུ་ ཚོགས་གནང་སྲོལ་ཡོད་མི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ ཚོགས་ཐེངས་ ༩ པ་ཨིནམ་ད་ སྨོན་ལམ་ཆེན་མོ་དེ་ གཞུང་དགེ་འདུན་གྲྭ་ཚང་གི་ བཤད་གྲྭ་ཁག་དང་ སློབ་གྲྭ་ཚུ་གི་ནང་ལས་ དགེ་སློང་ཞལ་གྲངས་ ༧༠༠ ལྷགཔ་ཅིག་གིས་ གནང་དོ་ཡོདཔ་སྦེ་ གཞུང་གྲྭ་ཚང་གི་ གདོང་དེབ་ནང་བཀོད་ནུག།
དེ་མ་ཚད་ སྒོམ་ཆེན་དང་ ཨ་ཎེམོ་ཚུ་གུ་ དད་ལྡན་མི་སེར་ མང་རབས་ཅིག་ཡང་ སྨོན་ལམ་ཚོགས་གནང་སར་ སྤུངས་འཛོམས་འབད་དེ་ཡོདཔ་ད་ བདུན་ཕྲག་ ༡ གི་རིང་ལུ་ ཚོགས་གནང་མི་ ཐིམ་ཕུ་རྫོང་ཁག་གི་ སྨོན་ལམ་ཆེན་མོ་དེ་ རང་ཟླ་ ༤ པའི་ཚེས་ ༡༩ སྤྱི་ཟླ་ ༦ པའི་ཚེས་ ༤ ལུ་ འགྲོལ་གནང་ནི་ཨིན་པའི་ གནས་ཚུལ་མདོར་བསྡུས།

Please follow and like us: