
པདྨ་དབང་འདུས།
སྤྱི་ཟླ་ ༦ པའི་ཚེས་ ༣ ལུ་ མི་དབང་རྒྱལ་བཙུན་མཆོག་གིས་ ཐིམ་ཕུ་ལུ་ སྤྱི་ཟླ་ ༦ པའི་ཚེས་ ༣ དང་ ༥ ལུ་ འགོ་འདྲེན་འཐབ་མི་ རུ་ཏོའི་ཚིགས་དཀྲུགས་བཅོ་ནིའི་ ཏིཊ་ཊར་ལས་རིམ་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
ལས་རིམ་དེ་ཡང་ མ་ལེ་ཤི་ཡ་དང་ ཧོང་ཀོང་ ཨིན་ཌོ་ནེ་ཤི་ཡ་ སིངྒ་པོར་ཚུ་ལས་ ངོམ་ཀི་རིཛ་ལི་ཡོང་དང་ ཨེ་རིག་ལི་ཡོང་ ༢ ཀྱི་ འགོ་ཁྲིད་ཐོག་ལུ་ རུ་ཏོའི་ཚིགས་དཀྲུགས་བཅོ་མི་ ༢༡ འབད་མི་ སྡེ་ཚན་ཅིག་གིས་ མི་དབང་རྒྱལ་བཙུན་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ གུས་བཏུད་ལུ་ ཚིགས་དཀྲུགས་བཅོ་ནིའི་ ཞབས་ཏོག་ཚུ་ བྱིན་ཡོདཔ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today : 5374
Users Yesterday : 3537
This Month : 32536
This Year : 328502
Total Users : 1040318
Views Today : 6611
Total views : 2979962
Who's Online : 122