སྡེ་ཚན་ ༧ གྱི་ འཐུས་མི་རྒྱལ་ཁབ་ཚུ་གིས་ གནད་འགག་ཅན་གྱི་ གཏེར་རྫས་ཚུ་ རྒྱ་ནག་ལུ་བརྟེན་ནི་མར་ཕབ།

རོའི་ཊརཛ།

སྡེ་ཚན་ ༧ གྱི་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ སྤྱི་ཟླ་ ༦ པའི་ཚེས་ ༡༥ ལས་ ༡༧ ཚུན་ ཕ་རཱནཛ་ལུ་ ཚོགས་གནང་མི་ ཞལ་འཛོམས་ནང་ ཕ་རཱནཛ་གི་ཁ་ཐུག་ལས་ འཐུས་མི་རྒྱལ་ཁབ་ཚུ་གིས་ གནད་འགག་ཅན་གྱི་ གཏེར་རྫས་ཀྱི་དོན་ལས་ རྒྱ་ནག་ལུ་བརྟེན་ནི་དེ་ ཚད་གཞི་མར་ཕབ་ཀྱི་ ཐབས་ལམ་ཚུ་ བཏོན་དགོཔ་སྦེ་ བཤད་ཡོདཔ་ཨིན་པས།

དེ་ཡང་ འཐུས་མི་རྒྱལ་ཁབ་ཀྱི་ འགོ་ཁྲིད་ཚུ་གིས་ གཏེར་རྫས་བཀྲམ་སྤེལ་གྱི་ ཐབས་ལམ་གཏན་འཁེལ་གྱི་དོན་ལུ་ གསུང་གྲོས་ཀྱི་ གྲོས་གཞི་གཙོ་བོ་ཅིག་སྦེ་ བཀོད་ཡོད་པའི་ཁར་ རྒྱལ་སྤྱིའི་དཔལ་འབྱོར་ དོ་མཉམ་མེད་མི་ བསྐྱར་གསོའི་སྐོར་ལས་ཡང་ གསུང་གྲོས་ཚུ་གནང་ནུག།

རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།

Please follow and like us: