
སྤྱི་ཟླ་ ༦ པའི་ཚེས་ ༡༧ ལུ་ ནང་སྲིད་བློན་པོ་གིས་ སྐལ་བཟང་རྒྱ་མཚོ་དེ་ ཧཱ་རྫོང་ཁག་ གསང་སྦས་ཁ་དྲུང་ཁག་གི་ དྲུང་པ་གོངམ་སྦེ་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
སྐལ་བཟང་རྒྱ་མཚོ་གིས་ ཧཱ་རྫོང་ཁག་ནང་ ལས་སྲོལ་འགོ་དཔོན་གོངམ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ བསམ་གྲུབ་ལྗོངས་མཁར་དང་ བསམ་རྩེ་ བུམ་ཐང་ རྩི་རང་རྫོང་ཁག་ཚུ་ལུ་ཡང་ ལམ་སྲོལ་ལས་སྡེའི་ནང་ ལོ་ངོ་ ༢༡ ལྷགཔ་ཅིག་ ཕྱག་ཞུ་བའི་ ཉམས་མྱོང་ཚུ་ཡོད་པའི་གུ་ འདས་པའི་ལོ་ངོ་ ༣ གྱི་རིང་ལུ་ གསང་སྦས་ཁའི་ དྲུང་ཚབ་སྦེ་ ཕྱག་ཞུ་ཡོད་པའི་ གནས་ཚུལ་མདོར་བསྡུས།




Users Today : 3309
Users Yesterday : 4426
This Month : 102622
This Year : 398588
Total Users : 1110404
Views Today : 4686
Total views : 3095392
Who's Online : 19