རྒྱ་གར་གྱི་ཁྲོམ་སྡེ་ ལཱག་ནོའུ་ལུ་ སྒྲིང་ཁྱིམ་ཅིག་ནང་ མེ་རྐྱེན་བྱུང་སྟེ་ མི་གྲངས་ ༡༥ ལུ་ཤི་རྐྱེན།

བི་བི་སི།

སྤྱི་ཟླ་ ༦ པའི་ཚེས་ ༢༢ ལུ་ རྒྱ་གར་གྱི་ བྱང་ཕྱོགས་ཁྲོམ་སྡེ་ ལཱག་ནོའུ་ལུ་ སྒྲིང་ཁྱིམ་ཅིག་ནང་ མེ་རྐྱེན་བྱུང་ཡོདཔ་ལས་ མི་གྲངས་ ༡༥ ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ རྒྱ་གར་གཞུང་གིས་ ཞིབ་དཔྱད་འབད་དགོ་པའི་ བཀའ་རྒྱ་གནང་ནུག།

སྒྲིང་ཁྱིམ་དེ་ནང་ གཅེས་ཕྲུག་སེམས་ཅན་གྱི་ ཚོང་ཁང་ཅིག་དང་ བསྒུལ་བརྙན་ལྟེ་བ་ཚུ་ བཙུགས་ཏེ་ཡོདཔ་ད་ མཐོང་མི་ཚུ་གིས་ མི་དེ་ཚུ་ སྒོ་སྒྲིག་གུ་ལས་ མཆོངས་ཡོད་ལུགས་དང་ ཐགཔ་གུ་ལས་མར་ བབས་ཡོད་ལུ་ཚུ་ བཤད་ཡོདཔ་ད་ ཉེན་སྐྱོབ་སྡེ་ཚན་ཚུ་གིས་ ཚེ་སྲོག་སྲུང་སྐྱོབ་ཀྱི་དོན་ལས་ གྱང་བཅགས་དཀྲུམ་ཚུ་ཡང་ འབད་ཡོདཔ་སྦེ་ཨིན་པས།

མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ཏེ་ བྱུང་ཡོདཔ་ཨིན་ནའི་སྐོར་ལས་ ཤེས་མ་ཚུགས་པར་ཡོདཔ་ད་ དབང་འཛིན་ཚུ་གིས་ སྒྲིང་ཁྱིམ་དེ་ནང་ གློ་བུར་གྱི་ ཐོན་སྒོ་མེདཔ་ལས་ དུ་པ་ཁྱབ་སྤེལ་འགྱོ་ནི་དེ་གིས་ མི་དེ་ཚུ་ སྒྲིང་ཁྱིམ་ནང་ར་ ཐོགས་ལུས་ཡོདཔ་སྦེ་བཀོད་ནུག།

Please follow and like us: