
རོའི་ཊརཛ།
ཨི་རཱན་དང་ ཡུ་ཨེཛ་གི་བར་ན་ ཐད་ཀར་མིན་པའི་ གསུང་གྲོས་གནང་མི་དེ་ ཡུན་བརྟན་གྱི་ ཞི་བདེ་ལུ་ གོང་འཕེལ་འགྱོ་བའི་ རྟགས་མཚན་ག་ནི་ཡང་མེད་པར་ བདུན་ཕྲག་ ༢ ཀྱི་ཧེ་མ་ གནས་སྐབས་ཆིངས་ཡིག་ཅིག་ གསལ་བསྒྲགས་འབད་མི་ གནད་དོན་ཚུ་ལུ་ གཙོ་བོར་བཏོན་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལས་ སྤྱི་ཟླ་ ༧ པའི་ཚེས་ ༡ ཚུན་ ཉིན་གྲངས་ ༢ ཀྱི་རིང་ལུ་ ཀ་ཊར་གྱི་རྒྱལ་ས་ དོ་ཧཱ་ལུ་སྦེ་ གནང་ཡོདཔ་ད་ དེ་བསྒང་ གསུང་གྲོས་གཙོ་བོ་ར་ གྲུ་གཟིངས་ཚུ་ ཧོར་མུཛ་མཚོ་ལམ་བརྒྱུད་དེ་ འགྲུལ་སྐྱོད་འབད་ནི་དང་ བཀག་ཆ་འབད་དེ་ཡོད་མི་ ཨི་རཱན་གྱི་ མ་དངུལ་ཚུ་ ཡངས་ཆག་གཏང་ནི་ཨིན་པའི་སྐོར་ལས་ གནང་ཡོདཔ་སྦེ་བཀོད་ནུག།
ཤུལ་མའི་ཞལ་འཛོམས་དེ་ ཨི་རཱན་གྱི་དབུ་ཁྲིད་ ཨ་ཡ་ཏོ་ལཱ་ ཨ་ལི་ཁ་མེ་ནི་གི་ སྤུར་སྦྱང་ལས་རིམ་ མཇུག་བསྡུ་བའི་ཤུལ་ལས་ སྤྱི་ཟླ་ ༧ པའི་ཚེས་ ༩ ལུ་ འགོ་འདྲེན་འཐབ་ནི་ཨིནམ་སྦེ་ ཀ་ཊར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ བཤད་ཡོདཔ་ཨིན་པས།
ད་རེས་ དོ་ཧཱ་ལུ་གནང་མི་ གསུང་གྲོས་དེ་གིས་ སྤྱི་ཟླ་ ༦ པའི་ནང་ དམག་འཁྲུག་མཚམས་འཇོག་གི་ ཆིངས་ཡིག་དང་འབྲེལ་བའི་ གནད་དོན་ཚུ་གི་ཐོག་ལུ་ གྲུབ་འབྲས་ལེགས་ཤོམ་སྦེ་ ཐོན་ཡོདཔ་མ་ཚད་ སུ་ཡིད་ཛར་ལེན་ལུ་ ཚོགས་གནང་མི་ ཞལ་འཛོམས་ཀྱི་ གྲུབ་འབྲས་ཚུ་ཡང་ བསྐྱར་བཟོ་འབད་དོ་ཡོད་པའི་ གསལ་བཤད་འབད་ནུག།
ཨ་མི་རི་ཀ་དང་ ཨི་རཱན་གྱི་ སྐུ་ཚབ་ཚུ་གིས་ ཀ་ཊར་དང་ པ་ཀིཛ་ཏཱན་གྱི་ བར་འདུམ་པ་ཚུ་དང་གཅིག་ཁར་ ཞལ་འཛོམས་ཚོགས་ཡོདཔ་སྦེ་ ཀ་ཊར་གྱི་ ཕྱི་འབྲེལ་ལྷན་ཁག་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today : 2351
Users Yesterday : 3605
This Month : 5956
This Year : 442949
Total Users : 1154765
Views Today : 2999
Total views : 3171215
Who's Online : 17