ཐིམ་ཕུ་ཀ་ཝང་སྦྱང་ས་ལུ་ ལོ་བསྟར་སངས་རྒྱས་སྨན་བླའི་སྒྲུབ་ཆེན།

གནས་ཚུལ་བསྡུ་བཀོདཔ།

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལུ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༧༠ དེ་ཅིག་གིས་ ཐིམ་ཕུ་ཀ་ཝང་སྦྱང་ས་ ནང་པའི་གསོ་བ་རིག་པའི་ སློབ་ཚོགས་ཀྱི་ ས་ཁོངས་ནང་སྦེ་ ཉིན་གྲངས་ ༣ གྱི་རིང་ལུ་ ལོ་བསྟར་སངས་རྒྱས་སྨན་བླའི་ སྒྲུབ་ཆེན་གནང་ནུག།

དེ་ཡང་ རང་ཟླ་ ༦ པའི་ཚེས་ ༨ སྤྱི་ཟླ་ ༧ པའི་ཚེས་ ༢༢ ལས་ འགོ་བཙུགས་གནང་མི་དེ་ ཐེངས་ ༢ པ་ཨིནམ་ད་ སྒྲུབ་ཆེན་དེ་ རང་ཟླ་ ༦ པའི་ཚེས་ ༡༡ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ རྡོ་རྗེ་སློབ་དཔོན་མཆོག་གིས་ སངས་རྒྱས་སྨན་བླའི་ བཀའ་དབང་གནང་ཐོག་ལས་ གྲོལ་གནང་ཡི།

སངས་རྒྱས་སྨན་བླའི་ སྒྲུབ་ཆེན་དེ་ ན་ཧིང་ སྤྱི་ལོ་ ༢༠༢༥ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འགོ་བཙུགས་གནང་ཡོདཔ་ད་ སྐྱབས་རྗེ་མཆོག་གིས་ ད་ལས་ཕར་ སྒྲུབ་ཆེན་དེ་ ལོ་བསྟར་བཞིན་དུ་ གནང་ཚུགས་པ་ཅིན་ རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཚུ་ ཞི་ཐོག་ལས་ ཞི་བདེ་འབྱུང་ནི་ཨིནམ་སྦེ་ གསུངས་གནང་ཡི་ཟེར་ དྲུང་འཚོ་ཀརྨ་ཨོ་རྒྱན་གྱིས་ བཤདཔ་ཨིན་པས།

སྒྲུབ་ཆེན་དེ་ཡང་ གསོ་བའི་ལྷན་ཁག་དང་ སྨན་ལྗོངས་གསོ་བའི་རིག་པ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་ ༣ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: