ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཡུ་ཀེ་རེན་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡༣ ལུ་ཤི་རྐྱེན།

རོའི་ཊརཛ།

སྤྱི་ཟླ་ ༧ པའི་ཚེས་ ༣༠ ལུ་ ར་ཤི་ཡ་གིས་ མཁའ་དམག་ཐོག་ལས་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡིབ་དང་ ནུབ་ཕྱོགས་ཁྲོམ་སྡེ་ ཨེལ་ལིབ་ལུ་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༡༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

དེ་ཡང་ ཡུ་ཨེཛ་གི་སྲིད་འཛིན་ ཌོ་ནཱལ་ཊཱམ་མཆོག་གིས་ ཡུ་ཀེ་རེན་ལུ་ པེ་ཊི་རི་ཨོཊ་ཟེར་མི་ མི་ཛ་ཡེལ་ཚུ་ ལག་ལེན་ཆོག་ཐམ་བྱིན་ནི་སྦེ ཁས་ལེན་མཛད་དེ་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་མཆོག་ ཡུ་ཨེཛ་ལས་ ལོག་བྱོན་མི་དང་བསྟུན་ཏེ་ བཀལ་ཡོདཔ་སྦེ་བཀོད་ནུག།

Please follow and like us: