
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་གི་ ཁྲོམས་ཟུར་ཅིག་ནང་ ན་གཞོན་ཅིག་གིས་ ཀྲོབ་མདའ་ག་ལྷོད་རྐྱབ་པ་ལུ་བརྟེན་ཏེ་ མི་ ༨ ལུ་ ཤི་རྐྱེན་དང་ གཞན་མི་ ༢༢ ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ མཐའ་ཡས་ལེན་གྱི་ བློན་ཆེན་མཆོག་གིས་ ཀྲོབ་མདའ་ཚད་འཛིན་གྱི་ ཁྲིམས་ལུགས་གསརཔ་ཅིག་ གསར་བཏོད་འབད་ནི་ཨིན་པའི་ ཁས་བླངས་མཛད་ནུག།
དེ་ཡང་ སྐྱེས་ལོ་ ༡༤ འབད་མི་ བུཚ་དེ་གིས་ ནཱོན་ཐ་བུ་རི་ལུ་ཡོད་མི་ དེབ་སི་རེན་ སློབ་གྲྭའི་ནང་ མ་འགྱོ་བའི་ཧེ་མ་ ཁྱིམ་གཅིག་ནང་སྡོད་མི་ ཁོ་རའི་ཨ་རྒས་ཨང་རྒས་ཚུ་ དམར་བསད་འབད་ཡོདཔ་ཨིན་པས།
དེབ་སི་རེན་སློབ་གྲྭའི་ སློབ་ཕྲུག་ཅིག་ཨིན་མི་ བུཚ་དེ་གིས་ སློབ་གྲྭ་དེ་ནང་གི་ སློབ་དཔོན་ ༥ དམར་བསད་འབད་བའི་ཤུལ་ལས་ བུཚ་ཁོ་ར་ཡང་ རང་སྲོག་བཅད་ཡོདཔ་ད་ དེ་བསྒང་ རྨ་སྐྱོན་བྱུང་མི་ སློབ་ཕྲུག་ཅིག་ལུ་ཡང་ ཤི་རྐྱེན་བྱུང་ཡོད་པའི་ སྙན་ཞུ་འབད་ནུག།
བློན་ཆེན་ཨ་ནུ་ཊིན་ ཅ་རཱན་ཝི་ར་ཀཱུལ་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ མི་མངའཛོམས་སར་ གོ་མཚོན་གྱི་རིགས་ འབག་མ་ཆོག་པའི་ ཁྲིམས་ལུགས་གསར་བཏོད་འབད་ནི་གི་ འཆར་གཞི་ཡོད་རུང་ གཞུང་གི་འགོ་དཔོན་ཚུ་གིས་ སྒྲིག་གཡོག་ནང་ འཆང་སྤྱོད་འབད་ཆོག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་དམག་སྲིད་ ཐཱཌ་ས་ཀོ་རཱོན་ ཀཱོན་ཐོང་གིས་ བཤད་མིའི་ནང་ ཨ་རྒས་ཀྱི་ཨིན་མི་ ཀྲོབ་མདའ་དེ་ ཨ་རྒས་ཉལ་ཁང་ནང་ལས་ འཚོབ་ཞིབ་འབད་བའི་ རྟགས་མཚན་མཐོང་ཡི་ཟེར་ཨིནམ་ད་ རྒྱལ་སྤྱི་དང་ ས་གནས་ཀྱི་ བརྡ་བརྒྱུད་ཚུ་ནང་ ཀྲོབ་མདའ་དེ་ ཁྲིམས་མཐུད་ཐོག་ལུ་ ཐོ་བཀོད་འབད་དེ་ ཆོག་ཐམ་ཡོདཔ་སྦེ་བཀོད་ནུག།
མཐའ་ཡས་ལེན་ལུ་ གོ་མཚོན་འཆང་སྤྱོད་ཀྱི་ ཁྲིམས་ལུགས་ཚུ་ དམ་དྲགས་སྦེ་ཡོདཔ་ལས་ ཁྲིམས་འགལ་ཐོག་ལུ་ གོ་མཚོན་འཆང་སྤྱོད་འབད་བ་ཅིན་ ལོ་ངོ་ ༡༠ གྱི་ བཙོན་ཁྲིམས་ཕོག་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1300838
Views Today :
Total views : 5000
Who's Online :