
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༡༤ ལུ་ རྒྱ་པཱན་གྱི་རྒྱལ་ས་ ཊོ་ཀི་ཡོའི་ ཉེ་འདབས་ཀྱི་ མངའ་སྡེ་ཅི་བཱ་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ ས་རུད་དང་ ཆུ་རུད་ཐོན་ཡོདཔ་ལས་ ཉུང་ཤོས་ར་ མི་གྲངས་ ༨ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ ༥ ལུ་ རྨ་སྐྱོན་བྱུང་ནུག།
དེ་ཡང་ དབང་འཛིན་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཆརཔ་དེ་ལུ་བརྟེན་ཏེ་ ཁྱིམ་གུང་ ༢༠,༠༠༠ ལྷགཔ་ཅིག་གི་ གློག་མེ་བཀྲམ་སྤེལ་ལུ་ གནོད་སྐྱོན་བྱུང་ཡོདཔ་མ་ཚད་ ཊི་ཀོ་ཡོ་ ན་རི་ཏ་ གནམ་ཐང་ནང་ འགྲུལ་པ་ ༧,༠༠༠ དེ་ཅིག་ཡང་ འཕུར་འགྲུལ་འབད་མ་ཚུགས་པར་ ལུས་ཡོདཔ་སྦེ་ཨིན་པས།
རྒྱལ་ཁབ་ཕྱི་ནང་ ༢ ཀྱི་ གནས་ཚུལ་ཚུ་ ཁ་གསལ་སྦེ་ མཁྱེན་འདོད་ཡོད་མི་ཚུ་གིས་ ལོ་ངོ་ ༡ གི་དོན་ལས་ འབྲུག་གི་དངུལ་ཁང་ནང་ རྒྱལ་སྤྱི་གསར་ཤོག་གི་ རྩིས་ཁྲ་ཨང་ ༡༠༠༩༡༥༣༣༤ ཅན་མར་ དངུལ་ཀྲམ་ ༥༠༠ བཙུགས་ཐོག་ལས་ རྒྱུན་མངག་མཛད་གནང་ཟེར་ ཞུ་ནི་དང་། བརྡ་དོན་ཁ་གསལ་གྱི་དོན་ལས་ འགྲུལ་འཕྲིན་ཨང་ ༡༧༡༡༡༡༠༧ ཐོག་ལུ་ འབྲེལ་བ་འཐབ་གནང་།





Users Today :
Users Yesterday :
This Month :
This Year :
Total Users : 1324153
Views Today :
Total views : 5000
Who's Online :