ངོ་སྤྲོད།
༉ རྒྱལ་སྤྱི་གསར་ཤོག་འདི་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་ ཐེངས་ ༥༦ པ་ བརྩི་སྲུང་ཞུཝ་དང་འབྲེལ་ཏེ་ ཕྱི་གླིང་པའི་སྐད་ཡིག་ ཨིང་ལིཤ་མ་མཁྱེན་མི་ཚུ་ལུ་ ཕན་ཐབས་ལུ་དམིགས་ཏེ་ རྒྱལ་ཡོངས་དང་ འཛམ་གླིང་རྒྱལ་སྤྱིའི་ གནས་ཚུལ་ཚུ་ ཁྱབ་སྤེལ་གྱི་དོན་ལས་ འགོ་འབྱེད་འབད་ཡི།
གསར་ཤོག་འདི་ནང་ རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ གནས་ཚུལ་ཚུ་གིས་མ་ཚད་པར་ སྤྱིར་མི་མང་དང་ ལྷག་པར་དུ་ ན་གཞོན་ཚུ་ལུ་ ཕན་ཐབས་ཀྱི་ དམིགས་ཡུལ་ཐོག་ལས་ ཤེས་ཡོན་དང་ ལམ་སྲོལ་ སྤྲོ་བ་ལ་སོགས་པའི་ གནད་དོན་ཚུ་ཡང་ཡོདཔ་ལས་ མཁས་དབང་དམ་པ་ཚུ་ ཐུགས་དགྱེས་པའི་ སྤྱོད་ཡུལ་ལུ་ མ་འགྱུར་རུང་ ན་གཞོན་བློ་གསར་ཚུ་ལུ་ ཕན་ཐོགས་ཆེ་བའི་ རེ་བ་ཡོད།
དེ་མ་ཚད་ གསར་ཤོག་འདི་གི་ཐོག་ལས་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ ངོ་རྟགས་བཟང་པོ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ དར་ཁྱབ་གཏང་ནི་ལུ་ ལྷན་ཐབས་འབད་བའི་གུ་ རྒྱལ་ཁབ་ཀྱི་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ཡང་ མི་ཉམས་རྒྱུན་སྐྱོང་ལུ་ ཕན་ཐོགས་ཆེ་བའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ ཞུ་ནི་ཨིན།
མགོན་པོ་རྡོ་རྗེ།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན། རྩོམ་སྒྲིག་གཙོ་འཛིན།
INTRODUCTION
We take this opportunity to introduce our Weekly Dzongkha Newspaper in full color Gyalchi Sarshog was launched on November 11, 2011, coinciding with 56 Birth Anniversary of His Majesty the Fourth Druk Gyalpo Jigme Singye Wangchuck, with the principal aim to disseminate national and international news amongst our people whose reading skill is limited to Dzongkha only.
The paper is also aimed at promoting the National Language in its simple form as a backstopping to the efforts of the Royal Government. It also provides specific articles relating to our unique culture and religion in order to promote a better understanding especially by the youth of our country.
Ever since the paper was launched, it has been gaining popularity amongst the public in view of the simple language structure and also in view of its contents that focus on interesting national and international news.
Goembo Dorji
CEO/Editor-in-Chief