འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས།
ཡིག་ཚང་ལས་བྱེདཔ། སྤྱི་ཟླ་ ༧ པའི་ཚེས་ ༢༧ ལུ་ འབྲུག་དང་ རྒྱ་པཱན་གྱི་བར་ན་ དཔལ་འབྱོར་མཉམ་འབྲེལ་གྱི་ ལོ་བསྟར་གྲོས་འཛོམས་ ཐེངས་ ༡༧ པ་ ཐིམ་ཕུ་ལུ་སྦེ་ འཚོགས་ཡོདཔ་ཨིན་པས། དེ་ཡང་ འབྲུག་གི་ཁ་ཐུག་ལས་ ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོ་ཆེན་ མཚོ་སྐྱིད་ཆོས་སྒྲོན་དང་ རྒྱ་པཱན་གྱི་ ཁ་ཐུག་ལས་ རྒྱ་གར་ནིའུ་དྷི་ལིར་ཡོད་མི་ རྒྱ་པཱན་གཞུང་ཚབ་ལས་ཁང་གི་…