འཇིག་རྟེན་པའི་དཔྱེ་གཏམ།

མཉམ་ཅིག་སྡོདན་མཉམ་རོགས་མཐོང་། ཞག་གསུམ་སྡོདན་བླ་མ་ལུ་ཡང་ཕྱག་མི་འཚལ།

སྟེང་ཐོག་ཡངསན་འོག་ཐོག་འཕར། འཇམ་རང་འཇམན་ཕྱེ་ཡང་རྐན་སྦྱར།

རོགས་ཀྱི་དཔྱལ་བའི་མགུ་ལས་ཤིག་འགྱོ་རུང་མཐོང་། རང་གི་དཔྱལ་བའི་མགུ་ལས་གླངམོ་ཆེ་འགྱོ་རུང་མི་མཐོང་།

རྒྱུ་བར་སྟོང་གཏང་ཚེ་སྦྱིན་པ་མིན།

རང་འགྱེལཝ་མ་ཚོར་བར། གཞན་གཡོཝ་ཚོར་ནི་ཡོད།

ཟླཝ་ཤརཝ་ད་ཉིམ་མ་བརྗེད།

རྟ་གསོ་བའི་དྲིན་ལན་རྡོག་ཐལ་འཇལ།

མེ་ཕར་འཕུ། རྒྱ་བོ་ཚུར་འཚིག།

གདོང་ཁའི་དགྲ་མ་མཐོང་པར། རྒྱབ་ཁའི་དཔུང་ལུ་ངོམ་ནི་མི་འོང་།

ཡོདཔ་རང་ལས་བཏོན། མེདཔ་རོགས་ལས་འཚོལ།

ཚྭ་ཁ་བཟངན། རྒྱོ་ཁ་བཟང་།

མེ་དཀྲོགས་ཤི། མཇེ་དཀྲོགས་ལོང་།

རྒྱུགས་མ་སྤགས་ཀྱི་གྲས་ཁར་མི་ཚུད།

སྟག་མཆོངས་སར། ཝམ་གྱིས་མཆོགས་མི་ཚུགས།

ལམ་ཐག་རིང་ཚེ་འགོར་བལྟབ་མང་། མི་ཚེ་རིང་ཚེ་སྐྱིད་སྡུག་མང་།

སླབ་སླབ་མངན། ཨའི་གིས་ཡང་ཉན་བཏུབ།

ཆརཔ་ཕར་རྐྱབ། ཟིལཔ་ཚུར་རེག།

མི་ཅིག་དགའ་བའི་བསོད་ནམས། རྟ་གིས་ཡང་མི་ཐེག།

སྦྱིན་པ་གཏངན་ཁྱི་ལ་གཏང་། ཁྱི་གིས་སྤང་གི་རྩྭ་མི་ཟ།

ཤིང་ཕྲངམ་རྩ་བ་ལས་འགྱེལ། རྒྱུ་ཕྲངམ་རང་དོན་ཆད།

དོམ་རྒྱབ་ཐལཝ་ད། དཔའ་རྟགས་འབལ།

ཡོད་པའི་སེམས་ཁར་བསགས་འདོད། མེད་པའི་སེམས་ཁར་སྟོར་འདོད།

རང་དོན་སྒྲུབ་ན། ཆ་ལུགས་ངན་ཀྱང་ངན།

ཆུ་ཡོད་སར་ཆརཔ།

ཐང་ཐིག་སེམས་ཀྱིས་བཟོ།

ལག་པས་ཨརཝ་བརྐུ། ཁ་གིས་ཤོབ་རྐྱབ།

ཁུར་ཨ་པས་འབག་ཚེ་ཡངས་ཡངས་འདྲ། ལྟོ་ཨའི་གིས་ཟ་ཚེ་ཞིམ་ཞིམ་འདྲ།

ཕ་སླབ་པའི་ཁ་ལུ་མ་ཉན་ན། བུ་རུས་པའི་ཁ་ལས་ཤི་ཤོར།

ཤ་ཚ་བའི་ཁ་ལས། གཏམ་ལེགས་ཤོམ་མ་ཐོན།

ལྟག་ལས་རྨོ་རུང་ཨ་ཁུའི་ཞིང་། འོག་ལས་རྨོ་རུང་ཨ་ཁུའི་ཞིང་།

འཛོལཝ་བླ་མའི་གསུང་ཡང་ཡོད།

ཆང་མར་འཛུལ། བློ་ཡར་འཐོན།

ཁ་ལས་སླབ་ད་ཡངས་ཡངས་འདྲ།

རང་གཡུས་རྒྱབ་ཁར་བསྐྱུར། མི་གཡུས་གདོང་ཁར་ལེན།

ཞག་གཅིག་གི་རང་དབང་མེད་པར། ལོ་བརྒྱའི་གྲ་སྒྲིག་འབད་དེ་ཁུངས་མེད།

མི་རྒན་པའི་ཁ་ལུ་ཉན། ཟས་ཞིམ་པའི་བྲོ་བར་ལྟ།

ཁ་མཁས་ཁུ་བྱུག་སྔོནམོ། ཁོགཔ་ལྕགས་ཀྱི་མཐོཝ།

བཤད་ཐོ་མངན་བརྫུན་གཏམ་འཐོན། བྱ་བ་མངན་འཐུས་ཤོར་མང་།

ལཱ་འབད་མི་གིས་འཐུས་མ་ཤོརན། ལཱ་མ་འབད་མི་གིས་འཐུས་མི་ཤོར།

ཕ་བཟང་གི་བུ། གྲི་བཟང་གི་ཤུབས།

བླམ་བཟང་པོའི་སློབ་ཕྲུག། དཔོན་བཟང་པོའི་གཡོགཔོ།

ཡོན་ཏན་ཡོད་རུང་། ཕ་མའི་བསླབ་བྱ་དགོ།

རྟ་སྤུ་ལོག་གི་སྒྲིག་མིན་པར། བྱ་སྤུ་མནོན་གྱི་སྒྲིག་དགོ།