
སྒྲོལ་མ་ཡེ་ཤེས།
རང་ཟླ་ ༣ པའི་ཚེས་ ༡༣ ལས་ ༡༥ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་སྤང་རི་ཟམ་པ་ དགེ་འདུན་རྩིས་གཞུང་ མཐོ་རིམ་སློབ་གྲྭའི་ནང་སྦེ་ ལོ་བསྟར་བཞིད་དུ་ དཔལ་འདུས་ཀྱི་འཁོར་ལོའི་ སྒྲུབ་ཆོག་གནང་སྲོལ་ཡོདཔ་ཨིན་པས།
དེ་ཡང་ བདག་བཅག་གི་སྟོན་པ་ མཉམ་མེད་ཤཱཀྱ་ཐུབ་པ་མཆོག་ རང་ལུགས་ཀྱི་ བསྟན་རྩིས་བསྟར་དུ་འབད་བ་ཅིན་ དགུང་ལོ་ ༧༩ བཞེས་པའི་ གནམ་ལོ་ཆུ་རྟ་ཟླཝ་ ༣ པའི་ཚེས་ ༡༥ ལུ་ དཔལ་འདུས་ཀྱི་འཁོར་ལོའི་ རྩ་རྒྱུད་གསུངས་ནུག།
དུས་དེ་ལས་ འགོ་བཟུང་སྟེ་ འཇིག་རྟེན་འདི་ནང་ ལེགས་ཉེས་སྤང་བླང་བསྟན་པའི་ ནང་པ་སངས་རྒྱས་པའི་ སྐར་རྩིས་ཀྱི་ གཙོ་བོར་གྱུར་པའི་ གནས་སྤྱི་དང་ ཁྱད་པར་དུ་ བཟོ་རིག་ལུ་བརྟེན་པའི་ ལྷག་པའི་ལྷ་མཆོག་ཡང་ འདུས་ཀྱི་འཁོར་ལོ་ཨིན་པས།
དེ་འབདཝ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་ ༢༠༠༢ ལས་ འགོ་བཟུང་སྟེ་ རྒྱལ་ཡོངས་བཟོ་རིག་གི་ཉིནམ་སྦེ་ ངོས་འཛིན་མཛད་གནང་ཞིནམ་ལས་ཚུར་ ལོ་བསྟར་བཞིན་དུ་ བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན་པས།
ཉིནམ་དེ་ཁར་ མི་ཚུ་གིས་ རང་སོའི་དད་མོས་དང་བསྟུན་ཏེ་ སྣུམ་འཁོར་དང་ འཕྲུལ་ཆས་ལ་སོགས་པ་ཚུ་ ས་གནས་དེ་ཁར་ བདའ་སོང་སྟེ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཐུགས་སྨོན་དང་བཅས་པའི་ ཁྲུས་གསོལ་དང་ ཕྱག་འབྲུ་ཚུ་ གནངམ་ཨིན་པའི་གནས་ཚུལ།




Users Today : 920
Users Yesterday : 1155
This Month : 48479
This Year : 228382
Total Users : 940198
Views Today : 1474
Total views : 2738098
Who's Online : 6