ཐིམ་ཕུ་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ ༥ འཛིན་བཟུང་།

སྒྲོལ་མ་ཡེ་ཤེས།
སྤྱི་ཟླ་ ༦ པའི་ཚེས་ ༡༥ ལུ་ གསང་བའི་གནས་ཚུལ་ཅིག་ ཐོབ་པའི་ཤུལ་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ ༣ དང་ ཨམ་སྲུ་ ༢ འཛིན་བཟུང་འབད་ནུག།
དེ་ཡང་ བྱ་ངན་གྱི་ འཆར་གཞི་རྩམ་མི་དང་ སྨྱོ་རྫས་བཀྲམ་སྤེལ་འབད་མི་ འགག་པ་བགྲེསཔ་ ཨྱོན་ཚེ་དབང་དང་ བཀྲ་ཤིས་སྒང་རྫོང་ཁག་ བསམ་མཁར་རྒེད་འོག་ལས་ སྐྱེས་ལོ་ ༤༠ འབད་མི་ སངས་རྒྱས་ སྤུ་ན་ཁ་རྫོང་ཁག་ འཛོམས་མི་རྒེད་འོག་ལས་ སྐྱེས་ལོ་ ༢༦ འབད་མི་ གནམ་སྒང་ཚེ་རིང་ དེ་ལས་ གཞལམ་སྒང་རྫོང་ཁག་ ཀྲོང་རྒེད་འོགལས་ སྐྱེས་ལོ་ ༣༠ འབད་མི་ སངས་རྒྱས་བཟང་མོ་དང་ དབང་འདུས་ཕོ་བྲང་རྫོང་ཁག་ དར་དཀར་རྒེད་འོག་ལས་ སྐྱེས་ལོ་ ༢༢ འབད་མི་ ཕུར་པ་དབང་མོ་ཚུ་ཨིན་པས།
དེ་བསྒང་ འགྲུལ་བསྐྱོད་འབད་མི་ ཉེས་འཛུགས་ཅན་ཚུ་གི་ ཆས་སྒྲོམ་ ༢ ཀྱི་ནང་ལས་ སྨྱོས་རྫས་ཨེཛ་པེཛ་མོ་ པོགཛ་ཝན་ སྨན་ཐུམ་ ༡༥,༧༥༢ ཐོབ་ཡོདཔ་མ་ཚད་ རྟོག་མེད་ཞིབ་དཔྱད་འབདཝ་ད་ ཕུར་པ་དབང་མོའི་ ཁྱིམ་ནང་ལས་ཡང་ སྨྱོས་རྫས་ཨེཛ་པེཛ་མོ་ པོགཛ་ཝན་ སྨན་ཐུམ་ ༢,༤༣༢ ཐོབ་ནུག།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁྲིམས་འགལ་དང་ ལག་ལེན་སྡེ་ཚན་ལས་ དམག་སྲིད་པ་སངས་རྡོ་རྗེ་གིས་ བྱ་ངན་འདི་ ཐོནམ་འཐོན་ས་ར་ཡོདཔ་ལས་ ད་ལྟོ་ གནད་དོན་དེ་གི་སྐོར་ལས་ ཐོ་བཀོད་དེམ་ཅིག་ཡོད་ཟེར་ ཏན་ཏན་སྦེ་ སླབ་མི་ཤེས་པས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

Please follow and like us: