
ཧིན་དུཛ་ཏཱན།
སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ ནེ་པཱལ་གྱི་ རཱཛ་ཊི་ཡ་ ཨེ་ཀ་ཏ་ ཨ་བྷི་ཡན་གྱི་ཁྲི་འཛིན་ བི་ནེ་ཡ་དེབ་ཀྱིས་ འགོ་ཁྲིད་ཐོག་ལུ་ འཐུས་མི་སྡེ་ཚན་ཅིག་གིས་ ནེ་པཱལ་གྱི་ ས་ཁོངས་ལེ་ཤ་ཅིག་ རྒྱ་ནག་གིས་ དབང་སྟེ་ཡོད་པའི་སྐོར་ལས་ གྲོས་འཆར་སྙན་ཞུ་ཅིག་ཕུལ་ནུག།
དེ་ཡང་ ནེ་པཱལ་གྱི་རྒྱལ་ས་ ཀཱཋ་མཱན་ཌུ་ལུ་སྦེ་ ས་ཆ་འཛིན་སྐྱོང་དང་ དབུལ་ཕོངས་མར་ཕབ་ཀྱི་བློན་པོ་ ཤ་ཤི་ཤེ་རེཛ་ཐ་ལུ་ ཕུལ་ཡོདཔ་ད་ དེ་བཟུམ་སྦེ་ འཕྲལ་ཁམས་ཅིག་ཁར་ རུའི་ལ་ས་མཚམས་ཁར་ གོར་ཁ་ཆུ་མ་ནུ་བི་རི་ གྲོང་གསེབ་ཁྲོམ་སྡེ་-༡ པའི་ནང་ཡང་ རྒྱ་ནག་གིས་ བཙན་འཛུལ་ཐོག་ལུ་ ནེ་པཱལ་དང་ གྲོས་བསྟུན་ཙམ་ཡང་མེད་པར་ རཝ་བསྒོར་ཏེ་ཡོད་པའི་སྐོར་ལས་ཡང་ བཀོད་ཡོདཔ་ཨིན་པས།
ད་རུང་ རྒྱ་ནག་གིས་ རུའི་ལ་ས་མཚམས་རྩིས་ཏེ་ ནེ་པཱལ་དང་ རྒྱ་ནག་གི་ ས་མཚམས་ས་ཁོངས་ གཞན་ལས་ཕར་ཡང་ ཧམ་འཛུལ་འབད་དེ་ཡོདཔ་ད་ དེ་སྦེ་ ཧམ་འཛུལ་འབད་མི་དེ་ འཛམ་གླིང་རྒྱལ་ཡོངས་ཀྱི་ ཁྲིམས་ལུགས་ལས་ འགལ་བ་ཨིནམ་སྦེ་ གྲོས་འཆར་སྙན་ཞུ་ནང་བཀོད་ནུག།
དེ་བཟུམ་མའི་ བྱ་ངན་འབད་མི་དེ་གིས་ རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ མཐུན་འབྲེལ་ལུ་ བརྙས་བཅོས་ཨིནམ་མ་ཚད་ རྒྱལ་ཁབ་རང་དབང་རང་བཙན་ལུ་ཡང་ ཐད་ཀར་གྱི་ གདོང་ལེན་ཅིག་ཡང་ཨིནམ་སྦེ་ གྲོས་འཆར་སྙན་ཞུའི་ནང་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ ནེ་པཱལ་ཁྲོམ་སྡེའི་ ཁྲི་འཛིན་གྱིས་ཡང་ ཕྱི་འབྲེལ་སྲིད་སྐྱོང་ལུ་ བརྩོན་ཤུགས་ག་དེ་སྦེ་ར་བསྐྱེད་རུང་ ས་མཚམས་ལས་ཕར་ རྒྱ་ནག་གིས་ འཕྲོ་མཐུད་དེ་ར་ ཧམ་འཛུལ་འབད་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 594
Users Yesterday : 1507
This Month : 15754
This Year : 151443
Total Users : 863259
Views Today : 6494
Total views : 2535774
Who's Online : 4