བསྟན་རྒྱས་ལྷན་ཁག་ནང་འཁོད་ལུ་ ལས་ཁུངས་ཚུ་མཉམ་བསྡོམས། 

ལྷན་རྒྱས་གཞུང་ཚོགས་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གནང་བ་དང་འཁྲིལ་ཏེ་ བཟོ་གྲྭ་དང་ ནང་འཁོད་བཟོ་གྲྭ་ཆུང་བའི་ ལས་ཁུངས་ ༢ མཉམ་བསྡོམས་ཐོག་ལུ་ བཟོ་གྲྭ་ལས་ཁུངས་དང་ སླར་འབྱུང་ནུས་ཤུགས་ལས་ཁུངས་དང་ གློག་མེ་དང་ ནུས་ཤུགས་རིམ་ལུགས་ལས་ཁུངས་ ༢ མཉམ་བསྡོམས་ཐོག་ལུ་ ནུས་ཤུགས་ལས་ཁུངས་སྦེ་མཟོ་ནུག།

སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ ལས་ཁུངས་མཉམ་བསྡོམས་ཀྱི་ རྟེན་འབྲེལ་ལས་རིམ་ནང་ བསྟན་རྒྱས་བློན་པོ་དང་ བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འབྲེལ་དོན་ལྷན་འཛིན་ དེ་ལས་ བསྟན་རྒྱས་ལྷན་ཁག་གི་ འགོ་འཛིན་དང་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་འདུག་པའི་གནས་ཚུལ།

Please follow and like us: