དངུལ་རྩིས་ལྷན་ཁག་འདི་ སྡེ་ཚན་ཁག་ ༣ ལུ་ གཅིག་སྒྲིལ་ཐོག་ལས་བསྐྱར་བཟོ། 

སྤྱི་ཟླ་ ༡༠ པའི་ཚེས་ ༢ ལུ་ དངུལ་རྩིས་ལྷན་ཁག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ཡིག་ཚང་དང་ གཞུང་སྐྱོང་གྲུབ་འབྲས་འཛིན་སྐྱོང་ལས་ཚན་ཚུ་ མཉམ་བསྡོམས་ཀྱི་ཐོག་ལས་ སྡེ་ཚན་ ༣ ལུ་ བསྐྱར་བཟོ་འབད་ནུག།

དེ་ཡང་ ཐོན་ཁུངས་བསྡུ་སྒྲུབ་ ཡར་དྲག་གཏང་ནི་དང་ ཐོན་ཁུངས་དཔྱ་བགོ་ཚུ་ འཇོན་སྟབས་ཅན་བཟོ་ནི་ དེ་ལས་ མི་མང་གི་དངུལ་རྩིས་འཛིན་སྐྱོང་ བཙན་ཐབས་ལུ་ཨིན་པས།

དེ་སྦེ་ བསྐྱར་བཟོ་འབད་མི་དེ་ གཞུང་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ གནང་བ་དང་འཁྲིལ་ཏེ་ འགན་ཁུར་ལྡབ་ལོག་དང་ ལས་སྡེ་མང་སུ་ འཕྱེལ་འགྱོ་ནི་ལས་ བཀག་ཐབས་ལུ་ཨིན་པས།

བསྐྱར་བཟོའི་ལས་རིམ་ནང་ མི་རྗེ་བློན་ཆེན་དང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་ཚུ་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

Please follow and like us: