
ཨེ་བི་སི།
མ་ཡན་མར་ལུ་ དྲག་པོའི་སྲིད་གཞུང་གི་ ཁྲིམས་ཁང་ཅིག་གིས་ གཞུང་སྐྱོང་ལས་ བཏོན་བཏང་མི་ ཨམ་ཨང་སན་སུ་ཀིའི་ སྲིད་ཚོགས་ནང་ལས་ཨིན་མི་ ཁྲིམས་རྩོད་པ་བགྲེསཔ་ཅིག་ལུ་ དྲག་ཐོག་དབང་བཙོང་གི་ ཉེས་འཛུགས་འབད་དེ་ ལོ་ངོ་ ༡༤༨ ཀྱི་ བཙོན་ཁྲིམས་བཀལ་མི་དེ་ ཧེ་མ་ལས་ བཙོན་ཁྲིམས་ཕོག་མི་རྩིས་ཏེ་ ལོ་ངོ་ ༡༧༣ གྱི་ བཙོན་ཁྲིམས་བཀལ་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་ ༥༢ འབད་མི་ ཝིན་མིན་ལྷང་ལུ་ བཀལ་ཡོདཔ་ད་ བཙོན་ཁྲིམས་དེ་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༢ པའི་ཚེས་ ༡ ལུ་ དྲག་པོའི་སྲིད་གཞུང་ གསར་བཙུགས་ཐོག་ལས་ དོ་དམ་ནང་ཡོད་མི་ ཨམ་སུ་ཀིའི་གཞུང་དང་ སྲིད་ཚོགས་ཀྱི་ འཐུས་མི་གང་རུང་ལུ་བཀལ་མི་ བཙོན་ཁྲིམས་ཚུ་གི་གྲས་ལས་ དུས་ཡུན་རིང་ཤོས་ཅིག་ཨིནམ་ད་ སྲིད་དོན་ནང་ བརྩོན་ཤུགས་བསྐྱེད་མི་ མི་ངོམ་ ༤ ལུ་ཡང་ དྲག་ཐོག་དབང་བཙོང་གི་ ཉེས་འཛུགས་འབད་དེ་ སྲོག་ཐོག་གི་ ཉེས་ཁྲིམས་བཀལ་ནུག།
ཨམ་སུ་ཀིའི་ སྲིད་ཚོགས་ཀྱི་ བརྡ་དོན་ཅིག་ནང་ བཀོད་དོ་བཟུམ་འབད་ཅིན་ དྲག་པོའི་སྲིད་གཞུང་གིས་ སྲིད་ཚོགས་ཀྱི་ འགོ་དཔོན་དང་ འཐུས་མི་ ༩༡༧ དོ་དམ་འོག་ལུ་ བཙུགས་ཡོད་མི་ལས་ མི་ངོམ་ ༧༠༡ ད་ལྟོ་ཡང་ དོ་དམ་འོག་ལུ་ར་ཡོད་ཟེར་ཨིན་པས།
དྲག་པོའི་དམག་མི་གིས་ གཞུང་བཙན་དབང་དང་འབྲེལ་ཏེ་ ཨམ་སུ་ཀི་ཡང་ དོ་དམ་འོག་ལུ་ བཞག་ཐོག་ལས་ ལོ་ངོ་ ༢༦ གི་ བཙོན་ཁྲིམས་བཀལ་ཡོདཔ་ད་ མོ་གི་རྒྱབ་སྐྱོརཔ་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉེས་འཛུགས་ཚུ་ རྫུན་མ་བཟོ་སྟེ་ དྲག་པོའི་སྲིད་གཞུང་གིས་ ཁས་ལེན་འབད་མི་ སྤྱི་ལོ་ ༢༠༢༣ གྱི་ བཙག་འཐུའི་ནང་ ཨམ་སུ་ཀིའི་ མིང་གཏམ་མེདཔ་བཏང་སྟེ་ གྲལ་གཏོགས་འབད་མ་ཆོགཔ་ བཟོ་ཐབས་ལུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1400922
Views Today :
Total views : 5000
Who's Online :