
ལྷག་པ་གྲུབ་པ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༠ ལུ་ དད་ལྡན་གྱི་ བླ་སློབ་དང་ སྦྱིན་བདག་ དེ་ལས་ རྫོང་ཁ་སོ་སོའི་ གཏོང་ཕོད་ཅན་གྱི་ མི་སེར་ཚུ་གིས་ དབང་འདུས་ཕོ་བྲང་རྫོང་ནང་ དུས་རྒྱུན་གྱི་ གསོལ་མཆོད་ཕུལ་ནིའི་དོན་ལུ་ གཏན་རྩའི་མ་དངུལ་ དངུལ་ཀྲམ་འབུམ་ ༡༧༧ དང་ སྟོང་ཕྲག་ ༦༢,༥༠༠ དེ་ཅིག་ ཕུལ་ཡོདཔ་ཨིན་པས།
དེ་ཡང་ ཞབས་དྲུང་སྟོང་སྐུའི་ འགོ་འདྲེན་པ་ སློབ་དཔོན་མཚམས་པ་སངས་རྒྱས་བསྟན་འཛིན་གྱིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སྟོང་སྐུའི་ལྷ་ཁང་ནང་ ལོ་བསྟར་སྐུ་མཆོད་འབུམ་སྡེ་དང་ དུས་རྒྱུན་གྱི་ གསོལ་མཆོདཚུ་ ཕུལ་ནིའི་དོན་ལུ་ གཏན་རྩའི་མ་དངུལ་ དངུལ་ཀྲམ་འབུམ་ ༡༥༠ དང་ ཤར་དར་བརྒྱད་ཀྱི་ དགེ་སློང་ཚུ་གིས་ གསོལ་ཇ་དང་ ཕྱག་འགྱེདཔ་ཚུ་ དྲངས་ཡོདཔ་མ་ཚད་ ལོ་བསྟར་དཔལ་དགྱེས་པ་རྡོ་རྗེའི་ འབུམ་སྡེ་གཞི་བཙུགས་གནང་དགོ་པའི་ ཞུ་བ་དང་གཅིག་ཁར་ གཏན་རྩའི་མ་དངུལ་ དངུལ་ཀྲམ་འབུམ་ ༣༠༥,༥༠༠ ཕུལ་ནུག།
དེ་ལས་ དད་ལྡན་སྦྱིན་བདག་ཚུ་གིས་ འབུམ་ ༢༣ དང་ མཁན་པོ་རྣམ་རྒྱལ་དབང་འདུས་ཀྱིས་ གཏན་རྩའི་མ་དངུལ་ དངུལ་ཀྲམ་འབུམ་ ༡ དང་ དྲུང་སྟོང་སྐུའི་སྐུ་མདུན་ལུ་ སྐུ་མཆོད་འབུམ་སྡེ་དང་ དུས་རྒྱུན་གསོལ་མཆོད་ཀྱི་ ལྷན་ཐབས་ལུ་ དངུལ་ཀྲམ་ ༥༧,༠༠༠ ཕུལ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤ་རོ་ལས་ དད་ལྡན་སྦྱིན་བདག་ཚུ་གིས་ ཆུ་ཞིང་ཌིས་ ༩༤ དང་ དབང་འདུས་རྫོང་ཁག་ རུས་པའི་ས་ལས་ ཚེ་འདས་བཀྲིས་དབང་མོའི་ ནང་མི་བཟའ་ཚང་ཚུ་གིས་ ཞིང་ཌིས་ ༤༨.༨ ཕུལ་མི་ཚུ་ག་ར་ ཆོས་ཀྱི་དབུ་ཁྲི་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཐུགས་སྨོན་དང་བཅསཔ་སྦེ་ དབང་འདུས་གྲྭ་ཚང་ནང་ རྩིས་སྤྲོད་གནང་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1404883
Views Today :
Total views : 5000
Who's Online :