
ཨཱལ་ཇ་ཟི་ར།
རྒྱ་གར་དེ་ འཛམ་གླིང་ནང་ བཙོག་རླུང་མང་ཤོས་ཐོན་མི་ རྒྱལ་ཁབ་ཨང་ ༣ པ་ཨིནམ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་ལཱ་ནང་ བརྩོན་ཤུགས་བསྐྱེད་མི་དང་ མཁས་མཆོག་ཚུ་གིས་ ལྷོ་ཨེ་ཤི་ཡའི་ རྒྱལ་ཁབ་ཚུ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་ སྲིད་བྱུས་ཚུ་གི་སྐོར་ལས་ བརྟག་ཞིབ་ཀྱི་ལཱ་ཚུ་ ཡར་སེང་འབད་དགོཔ་ འཐོན་ཏེ་ཡོདཔ་ཨིན་པས།
འཛམ་གླིང་ནང་ མི་རློབས་མཐོ་ཤོས་ ཨང་ ༢ པ་ཨིན་མི་ རྒྱ་གར་ལུ་ ཆུ་རུད་དང་ ཚ་དྲོད་ཀྱི་ གནོད་པ་ཚུ་ དུས་རྒྱུན་ར་ ཚབས་ཆེན་སྦེ་ ཐོན་དོ་ཡོདཔ་ལས་ གནམ་གཤིས་ཀྱིས་ གནོད་པ་སྦོམ་བྱུང་མི་ རྒྱལ་ཁབ་ཅིག་ཨིན་པས།
སྤྱི་ཟླ་ ༨ པའི་ནང་ རྒྱ་གཞུང་གིས་ གནམ་གཤིས་དང་འབྲེལ་བའི་ ཁས་ལེན་ཚུ་ སྤྱི་ལོ་ ༢༠༡༥ ལོར་ ས་གནས་པེ་རིཛ་ལུ་ བཟོ་ཡོད་མི་ ཆིངས་ཡིག་འོག་ལུ་ ཁས་ལེན་གྲུབ་མི་ ལ་ལོ་ཅིག་ དུས་མཐུན་བཟོ་ནི་གི་ འཆར་གཞི་བརྩམས་ནུག།
ཆིངས་ཡིག་དེ་ནང་ མིང་རྟགས་བཀོད་མི་ རྒྱལ་ཁབ་ཚུ་གིས་ ལོ་ངོ་ལྔ་རེའི་བར་ན་ འཆར་གཞི་གསརཔ་ཚུ་ འཛམ་གླིང་སྤྱི་ཚོགས་ལུ་ ཕུལ་དགོཔ་སྦེ་ཡོདཔ་ཨིན་པས།
རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ ན་ཧིང་ ག་ལཛ་གོ་ལུ་ཚོགས་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ གནམ་གཤིས་འགྱུར་བགྲོད་ ཞལ་འཛོམས་ནང་ ཁས་ལེན་ཁག་ ༥ ལུ་ ཁས་ལེན་འབད་ཡོད་པའི་ ནང་གསེས་ལས་ སྤྱི་ལོ་ ༢༠༧༠ ལུ་ བཙོག་རླུང་ཐོན་ཚད་ངེས་ཏིག་ ཀླད་ཀོར་གུ་ བཀལ་ནི་གི་ ཁས་ལེན་འབད་ནུག།
དུས་མཐུན་བཟོ་ཡོད་མི་ རྒྱལ་ཡོངས་ཀྱིས་ གཏན་འཁེལ་འབད་མི་ ཕན་ཐབས་ཚུ་གི་ནང་ལས་ གཞུང་གིས་ ཁས་ལེན་ ༢ ཆ་སྦྱོར་གྲུབ་ཡོདཔ་ད་ དེ་ཡང་ དང་པ་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ཀྱི་ ཆ་ཚད་རེ་རེ་དང་བསྟུན་པའི་ བཙོག་རླུང་གི་ འབོར་ཚད་མར་ཕབ་འབད་ནི་ལུ་ ཁས་ལེན་འབད་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༥ ལུ་ བཙོག་རླུང་ཐོན་ཚད་གུ་ལས་ སྤྱི་ལོ་ ༢༠༣༠ ལུ་ བརྒྱ་ཆ་ ༤༥ མར་ཕབ་འབད་ནི་གི་ ཁས་ལེན་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༡༥ ལུ་ ཁ་འཆམས་བྱུང་ཡོད་མི་ལས་ བརྒྱ་ཆ་ ༡༠ ཡར་སེང་ཨིན་པའི་ཁར་ གློག་མེའི་དགོས་མཁོ་བསྡོམས་ལས་ བརྒྱ་ཆ་ ༥༠ གི་རྩིས་ ས་སྣུམ་གྱི་རིགས་མིན་པའི་སྒོ་ལས་ འགྲུབ་ནི་གི་ ཁས་ལེན་འབད་མི་དེ་ པེ་རིཛ་གི་ ཆིངས་ཡིག་སྐབས་ལུ་ ཁས་ལེན་འབད་མི་ལས་ བརྒྱ་ཆ་ ༤༠ ཡར་སེང་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1400118
Views Today :
Total views : 5000
Who's Online :