འབྲུག་ལུ་ རྒྱ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་ཀེ་ཨི་ ཤུན་སུ་ཀེའི་གཟིགས་སྐོར།

སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ རྒྱ་པཱན་གྱི་ ཕྱི་འབྲེལ་བློན་པོ་ ཏ་ཀེ་ཨི་ ཤུན་སུ་ཀེ་གིས་གཙོས་པའི་ རྒྱ་པཱན་ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་དང་ ནིའུ་དིལླི་ལུ་ཡོད་མི་ རྒྱ་པཱན་གཞུང་ཚབ་ལས་ཁང་གི་ འགོ་དཔོན་ཚུ་གིས་ འབྲུག་གི་ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་དང་ མཇལ་ཕྲད་མཛད་ནུག།

དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལས་ ༢༣ ཚུན་ ཉིན་གྲངས་ ༣ གྱི་དོན་ལས་ འབྲུག་རྒྱལ་ཁབ་ནང་ གཟིགས་སྐོར་ལུ་ བྱོན་ཡོདཔ་ད་ རྒྱ་པཱན་གཞུང་ཚབ་ སུ་ཟུ་ཀི་ ཧི་རོ་ཤི་དང་ འབྲུག་གི་ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་མདོན་ཆེན་ ཚོགས་ཀྱི་ཆོས་སྒྲོན་ ༢ ཀྱིས་ ཤར་ཕྱོགས་ས་ཁོངས་ནང་ གསོ་བའི་སྐྱོང་བཞག་ཞབས་ཏོག་ བཙན་ཐབས་ཀྱི་ ལས་འགུལ་དོན་ལུ་ གནང་སྦྱིན་ཡིག་ཆ་གུ་ མིང་རྟགས་བཀོད་ནུག།

རྒྱ་པཱན་གྱི་ཡེན་ ༥༣༥,༠༠༠.༠༠༠ འབད་མི་ གནང་སྦྱིན་ཐོག་ལས་ སྐྱེས་མ་དང་ ཨ་ལོ་ཚུ་ལུ་ གསོ་བའི་ཞབས་ཏོག་གི་དོན་ལས་ ཤར་ཕྱོགས་རྫོང་ཁག་ ༦ གི་ནང་ཡོད་མི་ གསོ་བའི་མཐུན་རྐྱེན་ཚུ་ལུ་ དགོས་མཁོ་ཡོད་མི་ སྨན་བཅོས་ལག་ཆ་ཚུ་ བྱིན་ནི་ཨིན་པས།

འབྲུག་གི་དོན་ལུ་ རྒྱ་པཱན་རྒྱལ་ཁབ་དེ་ ཡུན་རིང་གི་ གོང་འཕེལ་མཉམ་རོགས་ཅིག་ཨིནམ་ད་ འབྲུག་དང་ རྒྱ་པཱན་གྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ དེ་ལས་ ངོས་ལེན་ཚུ་ དམ་གཟབ་ཡོདཔ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག། ནད་ཡམས་ཀོ་ཝིཌ་-༡༩ ཐོན་པའི་ཤུལ་ལུ་ རྒྱ་པཱན་ལས་ ཆེ་མཐོའི་གཟིགས་སྐོར་དེ་ འགོ་དང་པ་དང་ བློན་པོའི་གནས་རིམ་གྱི་ གཟིགས་སྐོར་ ༢ པ་ཨིན་པའི་གནས་ཚུལ།

Please follow and like us: