མི་དབང་ཞབས་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྫོང་བདག་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར།

སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ པདྨ་དགའ་ཚལ་ རྫོང་བདག་དང་ ཐིམ་ཕུའི་རྫོང་བདག་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།

རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ དྲུང་ཆེན་གསརཔ་དེ་ ཧེ་མར་ བ་ར་སེལཛ་ལུ་ འབྲུག་གི་གཞུང་ཚབ་སྦེ་ ཕྱག་ཞུ་མི་ ཚེ་རིང་རྒྱལ་མཚན་དཔལ་འབྱོར་ཨིན་པས།

དེ་ལས་ པདྨ་དགའ་དགའ་ཚལ་ རྫོང་བདག་གསརཔ་དེ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་མདོ་ཆེན་ བཀྲིས་ཟླ་བ་ཨིནམ་ད་ ཐིམ་ཕུའི་རྫོང་བདག་གསརཔ་དེ་ འབྲུག་གོང་འཕེལ་དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕུབ་རྡོ་རྗེ་ཨིན་པའི་གནས་ཚུལ།

Please follow and like us: