
ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༡༡ པའི་ཚེས་ ༢༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤ་རོ་སྤང་སྦིས་ས་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་ནང་ལས་ སློབ་ཕྲུག་སྡེ་ཚན་དང་པའི་ མཐར་འཁྱོལ་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༢ ལུ་ ཁྲིམས་དོན་མཐོ་རིམ་ཤེས་ཚད་དང་ མཐོ་རིམ་གོང་མའི་ རྒྱལ་ཡོངས་ཁྲིམས་དོན་གྱི་ ཤེས་ཚད་ཌི་པཱོལ་མའི་ སྦྱོང་བརྡར་མཐར་འཁྱོལ་མི་ སློབ་ཕྲུག་ ༢༥ ཡོད་མི་ཚུ་ སྤྱི་ལོ་ ༢༠༡༧ ལུ་ སྤེལ་ཁང་འགོ་དང་པ་ གཞི་བཙུགས་འབདཝ་ད་ འཛུལ་ཞུགས་འབད་མི་ སློབ་ཕྲུག་སྡེ་ཚན་དང་པ་ཨིན་པས།
རྟེན་འབྲེལ་སྐབས་ལུ་ མི་དབང་མཆོག་གིས་ སློབ་ཕྲུག་ཚུ་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ མཐར་འཁྱོལ་གྱི་དོན་ལུ་དང་ འབྲུག་རྒྱལ་ཁབ་ཀྱི་ ཡར་འཕེལ་ཅན་གྱི་ རེ་འདུན་ཚུ་ འགྲུབ་ནི་ལུ་ ཕན་ཐོགས་ཀྱི་དོན་ལས་ སློབ་ཕྲུག་ཚུ་གིས་ མཐོ་རིམ་དང་ ཁྱད་རིག་ཤེས་ཡོན་ཚུ་ འཕྲོ་མཐུད་དེ་ར་ སྦྱང་དགོ་པའི་ བཀའ་སློབ་ཡང་གནང་ནུག།
འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་དེ་ སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ བཀའ་ཁྲིམས་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ མཐར་འཁྱོལ་རྟེན་འབྲེལ་ནང་ སྤེལ་ཁང་སྐྱོང་བཞག་ལྷན་ཚོགས་ཀྱི་ འཐུས་མི་ཚུ་དང་ སློབ་ཚོགས་སྡེ་ཚན་ སློབ་ཕྲུག་ཚུ་གི་ བཟའ་ཚང་ཚུ་དང་གཅིག་ཁར་ སྤེལ་ཁང་དེ་གི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་དང་ མི་རྗེ་བློན་ཆེན་གྱིས་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
དེ་བསྒང་ འཇིགས་མེད་སེངྒེ་དབང་ཕྱུག་ ཁྲིམས་དོན་སྤེལ་ཁང་ནང་ སྡོད་པའི་རིང་ལུ་ ག་ཅི་གི་ཐད་ལས་འབད་རུང་ མཆོག་འགྱུར་ཐོབ་མི་ བཀྲིས་ནོར་བུ་ལུ་ སྤེལ་ཁང་གི་རྟགས་མ་ Mirror of Wisdom Award ཟེར་མི་ ཤེས་རབ་མེ་ལོང་དེ་ གནང་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1407447
Views Today :
Total views : 5000
Who's Online :