རྒྱ་ནག་གིས་ ཏི་ཡང་གོང་ མཁའ་དབྱིངས་འཕྲུལ་སྐར་ནང་ སྡེ་ཚན་གསརཔ་ཅིག་བཏང་ཡོདཔ།

བི་བི་སི།
རྒྱ་ནག་གིས་ ཏི་ཡང་གོང་ མཁའ་དབྱིངས་འཕྲུལ་སྐར་ནང་ཡོད་མི་ མཁའ་སྐྱོད་མཁས་མཆོག་ཚུ་ལས་ འགོ་དང་པ་ གནམ་ཁ་ལུ་སྦེ་ར་ འཕྲུལ་སྐར་རྩིས་སྤྲོད་ལེན་གྱི་དོན་ལས་ མཁའ་སྐྱོད་མཁས་མཆོག་ ༣ བཏང་ཡོདཔ་ཨིན་པས།
འཕྲུལ་སྐར་དེ་ཡང་ མི་གཏན་འཇགས་ཀྱི་དོན་ལས་ གནས་ཡོད་མི་ མཁའ་དབྱིངས་འཕྲུལ་སྐར་ཐོག་གི་ ལས་དོན་ཁང་ ༢ པ་ཨིནམ་ད་ སྤྱི་ལོ་ ༢༠༡༡ ལུ་ ནཱ་ས་གིས་ འགོ་ཁྲིད་འབད་དེ་ རྒྱལ་སྤྱི་མཁའ་དབྱིངས་འཕྲུལ་སྐར་ཐོག་གི་ ལས་དོན་ཁང་དེ་ གནམ་ཁ་ལུ་བཏངམ་ད་ རྒྱ་ནག་གིས་ གྲལ་གཏོགས་འབད་མ་ཚུགསཔ་ཨིན་པས།
ད་རེས་ དེ་སྦེ་བཏང་མི་ མཁའ་དབྱིངས་མཁས་མཆོག་ སྡེ་ཚན་དེ་གིས་ ཧེ་མ་ སྤྱི་ཟླ་ ༦ པའི་ནང་ ལས་དོན་ཁང་ནང་ ལྷོད་དེ་ཡོད་མི་ མི་ངོམ་ ༣ འབད་མི་ སྡེ་ཚན་ལས་ རྩིས་ལེན་ཏེ་ ལས་དོན་ཁང་དེ་ནང་ ཟླཝ་ ༦ སྡོད་ནི་ཨིན་པས།
རྩིས་སྤྲོད་ལེན་དེ་ བདུན་ཕྲག་ ༡ གི་རིང་ལུ་ འགོར་ནི་ཨིནམ་ད་ དེ་ཡང་ འཕྲུལ་སྐར་ཐོག་གི་ ལས་དོན་ཁང་ནང་ མཁའ་དབྱིངས་མཁས་མཆོག་ ༦ སྡོད་ནི་གི་ ལྕོགས་གྲུབ་ཡོད་མེད་ བརྟག་ཞིབ་འབད་ནི་ཨིན་པས།
སྡེ་ཚན་གསརཔ་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ཤེན་ཟུ་-༡༥ ཟེར་མི་ འཕྲུལ་ཆའི་ཐོག་ལས་ རྒྱ་ནག་ནུབ་བྱང་ཕྱོགས་ལུ་ གོ་བི་བྱེ་ཐང་ནང་གི་ ཇིའུ་ཀུ་ཝཱན་ འཕྲུལ་སྐར་འཕུར་འགྲུལ་ལས་ཁང་ནང་ལས་ གནམ་ཁར་འཕུར་ཡོདཔ་ཨིན་པས།
སྡེ་ཚན་དེ་ཡང་ མཁའ་དབྱིངས་འཕྲུལ་སྐར་ཐོག་གི་ ལས་དོན་ཁང་གི་ དགོས་མཁོ་ཡོད་པའི་ སྒྲིག་བཀོད་ཚུ་གི་དོན་ལུ་ སྡེ་ཚན་ཐེངས་ ༡༡ གནམ་ཁ་ལུ་ བཏང་ཡོད་མིའི་གྲས་ལས་ མཐའ་མཇུག་གི་ སྡེ་ཚན་ཨིནམ་ད་ འཕྲུལ་སྐར་ལས་དོན་ཁང་དེ་ ལོ་ངོ་བཅུ་ཕྲག་ ༡ དེ་ཅིག་གི་རིང་ལུ་ མོ་བཏབ་ཀྱི་ལཱ་ཚུ་ བཀོལ་ཚུགས་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: