ཡུ་ཀེ་རེན་ལུ་ བྱང་ཨེཏ་ལེན་ཊིག་ ཆིངས་ཡིག་ཚོགས་པ་ ནེ་ཊོ་གིས་ གོ་མཚོན་མངམོ་སྤྲོད་ནི་དང་ གློག་ཐག་ཚུ་ བཅོ་ཁ་རྐྱབ་ནི་གི་ཁས་ལེན།

བི་བི་སི།
སྤྱི་ཟླ་ ༡༡ པའི་ཚེས་ ༢༩ ལུ་ ནེ་ཊོ་ཟེར་མི་ བྱང་ཨེཏ་ལེན་ཊིག་ ཆིངས་ཡིག་ཚོགས་པ་གིས་ གསལ་བཤད་འབད་མི་དང་འཁྲིལ་བ་ཅིན་ ཡུ་ཀེ་རེན་གྱི་ མི་སེར་དང་ གློག་ཐག་ཚུ་གུ་ ར་ཤི་ཡ་གིས་ རྒྱུན་ཆད་མེད་པའི་ གནོད་འཚུབ་བཀལ་ནི་དེ་གིས་ མི་སེར་ས་ཡ་ལེ་ཤ་ཅིག་ལུ་ འགྲོ་བ་མིའི་ཞབས་ཏོག་ཚུ་ འཐོབ་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ནེ་ཊོའི་འཐུས་མི་རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ གློག་མེའི་གཞི་རྟེན་མཁོ་ཆས་ཚུ་ ཉམས་བཅོས་འབད་ནི་དང་ མི་སེར་ཚུ་ མི་ཛ་ཡེལ་ལས་ ཉེན་སྐྱོབ་འབད་ནི་ཨིནམ་སྦེ་ གསལ་བཤད་ནང་བཀོད་ནུག།
ཡུ་ཀེ་རེན་གྱི་ ཕྱི་འབྲེལ་བློན་པོ་ ཌི་མི་ཏི་རོ་ ཀུ་ལེ་བ་དང་ མཉམ་འབྲེལ་ཐོག་ལས་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ སི་ཊཱོལ་ཊེན་བཱག་གིས་ དུས་ཡུན་ག་དེམ་ཅིག་འགོར་རུང་ ང་བཅས་ཀྱིས་ ཡུ་ཀེ་རེན་ལུ་ རྒྱབ་སྐྱོར་འབད་ནི་ལས་ རྒྱབ་བཤུད་མི་རྐྱབ་ཟེར་ཨིན་པས།.
དེ་མ་ཚད་ ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ ཡུ་ཀེ་རེན་ལས་ རྒྱལ་ཁ་འཐོབ་མ་ཚུགསཔ་སྦེ་ བཞག་དགོཔ་དེ་ ག་ནི་བ་ གལ་ཆེ་མི་དེ་ཡང་ ག་དེམ་ཅིག་སྦེ་ ཡུ་ཀེ་རེན་ལས་ རྒྱལ་ཁ་འཐོབ་པ་ཅིན་ ཡུ་ཀེ་རེན་ལུ་ སྡུག་སྦྱོང་སྦོམ་ར་ ཕོག་ནི་ཨིན་པའི་གུ་ འཛམ་གླིང་འདི་ཡང་ ཉེན་ཁ་ཅན་ཅིག་ལུ་ འགྱུར་ནི་མས་ཟེར་ཨིན་པས།
ཨིཛ་ཊོ་ནི་ཡའི་ ཕྱི་འབྲེལ་བློན་པོ་ ཨུར་མཱཛ་རེན་ས་ལུ་གིས་ ཡུ་ཀེ་རེན་ལུ་ ར་ཤི་ཡའི་ ས་ཁོངས་ནང་ ལྷོད་ཚུགས་མི་ མི་ཛ་ཡེལ་ཚུ་ སྤྲོད་དགོཔ་ཡོད་པའི་ཁར་ ཡུ་ཀེ་རེན་ལུ་ ར་ཤི་ཡ་གིས་ འཕུར་མདའ་ཚུ་རྐྱབ་སའི་ ས་ཁོངས་ནང་ ལྷོད་ཚུགས་མི་ ལྕོགས་གྲུབ་ཡང་ སྤྲོད་ནི་དེ་ ར་ཁུངས་དང་ལྡན་པའི་ གྲོགས་རམ་ཨིན་ཟེར་བཤད་ནུག།
ར་ཤི་ཡ་ལུ་ རྡུལ་ཕྲན་མཚོན་ཆ་ཚུ་ཡོད་ནི་དེ་གིས་ ཉེན་ཁ་སྦོམ་ཡོདཔ་ལས་ ཡུ་ཨེཛ་གིས་ འགོ་ཁྲིད་ཐོག་ལུ་ ནེ་ཊོ་ཚོགས་པ་གིས་ ཡུ་ཀེ་རེན་ལུ་ རྒྱང་རིང་མི་ཛ་ཡེལ་བཟུམ་མའི་ གོ་མཚོན་ཚུ་ སྤྲོད་མི་ཚུགས་ནི་ཨིན་པས་ཟེར་ ཡང་བསྐྱར་བཤད་པའི་སྟོར་ལས་ བཀོད་འདུག་པའི་གནས་ཚུལ།

Please follow and like us: