སྤ་རོ་རིན་སྤུངས་གྲྭ་ཚང་ནང་ ཉིན་གྲངས་ ༧ གྱི་རིང་ལུ་ མགོན་པོ་རྙིངམ་གི་གསུང་ཆོག།

ལྷག་པ་གྲུབ་བ།
སྤ་རོ་རིན་སྤུངས་གྲྭ་ཚང་ནང་ ཉིན་གྲངས་ ༧ གྱི་རིང་ལུ་ གནང་སྲོལ་ཡོད་མི་ ལོ་བསྟར་མགོན་པོ་རྙིངམ་གི་ གསུང་ཆོག་དེ་ སྤྱི་ཟླ་ ༡ པའི་ཚེས་ ༡༤ ལས་ བླམ་གནས་བརྟན་ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༡༠༠ དེ་ཅིག་གིས་ གནངཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ གཏོར་རྒྱབ་འཕང་ཐོག་ལས་ གྲོལ་གནང་ནུག།
དེ་བཟུམ་མའི་ གསུང་ཆོག་གནང་མི་ཚུ་ སྤྱིར་རྒྱལ་ཁབ་ནང་ འགལ་རྐྱེན་བར་ཆད་ཚུ་ བཟློག་ཐབས་ལུ་དང་ ལྷག་པར་དུ་ མི་དབང་ཡབ་མེས་སྲས་ ༣ དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ མི་སེར་ཚུ་ བདེ་སྐྱིད་དང་ལྡན་ཐབས་ལུ་ཨིན་ཟེར་ རིན་སྤུངས་གྲྭ་ཚང་ལས་ སློབ་དཔོན་བསོད་ནམས་པ་སངས་ཀྱིས་ བཤདཔ་ཨིན་པས།
དེ་མ་ཚད་ སྐུ་དྲུང་ཚེ་རིང་གིས་ ལོ་ངོ་ ༡ གི་རིང་ལུ་ ཆོས་ཁྲིམས་པའི་ འགན་ཁུར་ཚུ་ འཐུས་ཤོར་ག་ནི་ཡང་མེད་པར་ མཐའ་འཁྱོལ་ཅན་ཅིག་སྦེ་ མཇུག་བསྡུ་ཡོད་པའི་ བཀྲིན་དགའ་ཚོར་ལུ་ཡང་ དཔལ་ཡེ་ཤེས་མགོན་པོ་ ལྕམ་དྲལ་ ༣ ལུ་ གཏང་རག་གི་ ཚོགས་འཁོར་ཕུལ་ཡོད་པའི་གནས་ཚུལ།

Please follow and like us: