
ནོར་བུ་བཟང་མོ།
འབྲུག་རྒྱལ་ཁབ་འདི་ འོང་འབབ་མཐོ་སུ་ཡོད་མི་ རྒྱལ་ཁབ་ཅིག་ལུ་ བཟོ་ནི་གི་ གཞུང་གི་ལས་རིམ་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འཕྲོ་མཐུད་དེ་ར་འབད་ནི་ཨིན་པས།
དེ་ཡང་ འབྲུག་དང་ རྒྱ་གར་གྱི་བར་ན་ ལོ་ལྔའི་འཆར་གཞི་ ༡༢ པའི་ གོང་འཕེལ་མཉམ་འབྲེལ་ཞལ་འཛོམས་ ཐེངས་ ༤ པ་ འཚོགས་པའི་སྐབས་ལུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ཝི་ནེ་མོ་ཧཱན་ཀ་ཝ་ཊཱ་གིས་ ཁས་ལེན་འབད་ནུག།
ཞལ་འཛོམས་འདི་ རྒྱལ་ས་ཐིམ་ཕུ་ལུ་ འབྲུག་གི་ཕྱི་འབྲེལ་དྲུང་ཆེན་ པདྨ་ཆོས་སྒྲོན་དང་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ ༢ ཀྱིས་ འགོ་ཁྲིད་ཐོག་ལུ་ འཚོགས་ཡོདཔ་ཨིན་པས།
དེ་བསྒང་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་གྱིས་ འབྲུག་རྒྱལ་ཁབ་ནང་ ནད་ཡམས་ཀྱི་བྱེལཝ་ མཇུག་བསྡུ་བའི་ཤུལ་ལས་ ལས་འགུལ་ཚུ་གི་ ལཱ་ཤུལ་ཚུ་ ལེགས་ཤོམ་སྦེ་ ཐོན་ཡོད་མི་ལུ་ རྒྱ་གར་གཞུང་གི་ ཁ་ཐུག་ལས་ ངལ་རངས་ཡོད་ལུགས་དང་ ད་ལས་ཕར་ མ་དངུལ་ཚུ་ཡང་ དུས་ཚོད་ཁར་ བཏང་ནི་ཨིན་པའི་ ཁས་ལེན་འབད་ནུག།
དེ་མ་ཚད་ ཕྱོགས་གཉིས་ཆ་རའི་ཧོངས་ལས་ འབྲུག་གི་ལོ་ལྔའི་འཆར་གཞི་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་མི་ ལས་འགུལ་ཚུ་གི་ ལཱ་ཤུལ་ལུ་ཡང་ ངལ་རངས་ཡོདཔ་སྦེ་ བཤད་ཡོདཔ་མ་ཚད་ ལོ་ལྔའི་འཆར་གཞི་ ༡༣ པའི་སྐོར་ལས་ཡང་ བསམ་འཆར་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།
འབྲུག་གི་ཕྱི་འབྲེལ་དང་ ཕྱིར་ཚོང་དྲུང་ཆེན་ པདྨ་ཆོས་སྒྲོན་གྱིས་ མགྲོན་བརྡ་འབདཝ་བཞིན་དུ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་དེ་ སྤྱི་ཟླ་ ༡ པའི་ཚེས་ ༡༨ ལུ་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ད་ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ ཁོ་རའི་རྒྱལ་ཁབ་ནང་ ལོག་སོང་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 689
Users Yesterday : 1379
This Month : 689
This Year : 229530
Total Users : 941346
Views Today : 1605
Total views : 2740648
Who's Online : 3