
རོའི་ཊརཛ།
རྒྱ་ནག་ལུ་ ནད་ཡམས་ཀོ་ཝིཌ་-༡༩ དེ་ ཤུལ་མའི་ཟླཝ་ ༢ དང་ ༣ གྱི་བར་ན་ ལོག་སྟེ་ར་ ཁྱབ་སྤེལ་རྒྱ་ཆེ་ཏོག་ཏོ་སྦེ་ འགྱོ་ནི་ལུ་ གོ་སྐབས་མེདཔ་སྦེ་ བཤདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༡ ལུ་ གཞུང་གི་ཡོངས་གྲངས་ཅན་གྱི་ ཚན་རིག་མཁས་མཆོག་ཅིག་གིས་ ཁོང་གི་མི་རློབས་ བརྒྱ་ཆ་ ༨༠ ལུ་ ནད་ཡམས་དེ་ ཐོབ་ཡོད་ནི་དེ་གིས་ཨིན་ཟེར་བཤད་ནུག།
ད་རེས་ རྒྱ་ནག་གི་ ལོ་གསར་ངལ་གསོའི་ དུས་ཚོད་ཨིནམ་ལས་ མི་འབོར་རྒྱ་ཆེ་ཏོག་ཏོ་སྦེ་ར་ འགྲུལ་བསྐྱོད་འབད་མི་དེ་གིས་ མི་མང་ཤོས་ཅིག་ལུ་ ནད་ཡམས་དེ་ ཁྱབ་སྤེལ་འགྱོ་ནི་ཨིནམ་ལས་ ཡང་བསྐྱར་ཁྱབ་སྤེལ་འགྱོ་ནི་གི་ གོ་སྐབས་མེད་ཟེར་ ནད་གཞི་ཚད་འཛིན་དང་ སྔོན་འགོག་ལྟེ་བའི་ ནད་ཡམ་ས་མཁས་མཆོག་གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།
ལོ་གསར་གྱི་དོན་ལས་ རྒྱ་ནག་གི་ མི་སེར་ས་ཡ་ལས་བཅད་མི་ཚུ་ གྲོང་གཡུས་ཚུ་ནང་ རང་སོའི་བཟའ་ཚང་དང་གཅིག་ཁར་ ལོ་གསར་བརྩི་སྲུང་འབད་བར་ འགྱོ་དོ་ཡོདཔ་ལས་ ནད་ཡམས་ཁྱབ་སྤེལ་ རྒྱ་ཆེ་ཏོག་ཏོ་སྦེ་ འགྱོ་བ་ཅིན་ འཛིན་སྐྱོང་འཐབ་ཚུགས་པའི་ ལྕོགས་གྲུབ་ཚུ་ མེདཔ་སྦེ་ཡང་བཤད་ནུག།
རྒྱ་ནག་ལུ་ གློ་བུར་སྨན་ཁང་ཚུ་ནང་ ནད་ཡམས་ཁྱབ་སྤེལ་གྱི་ ཚད་གཞི་མཐོ་དྲགས་ལས་ ཕྱིར་ཐོན་འབད་ཚུགས་ཡོདཔ་ད་ གཞུང་གི་གནད་སྡུད་ནང་ སྤྱི་ཟླ་ ༡ པ་ཚུན་ལུ་ མི་གྲངས་ ༦༠,༠༠༠ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 732
Users Yesterday : 1379
This Month : 732
This Year : 229573
Total Users : 941389
Views Today : 1780
Total views : 2740823
Who's Online : 10