
ཨལ་ཇ་ཟི་ར།
ར་ཤི་གིས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ མཚོན་ཆ་སྟོབས་ཅན་ཚུ་ ཡུ་ཀེ་རེན་ལུ་ བསྐྱལ་མི་དེ་ ཡུ་ཨེཛ་དང་ ཡུ་རོབ་རྒྱལ་ཁབ་ཚུ་གིས་ ཕྱད་མདའི་ནང་ ཐད་ཀར་དུ་ གྲལ་གཏོགས་ཡར་སེང་གཏང་པའི་ སྒྲུབ་བྱེད་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཕྱད་མདའ་དབྱེ་ཞིབ་མཁས་མཆོག་ཅིག་གིས་ གོ་མཚོན་མཁོ་སྤྲོད་འབད་མི་ རྒྱལ་ཁབ་ཚུ་ ར་ཤི་ཡ་གིས་ གནོད་ཉེན་ཚ་གཏད་ཀྱི་ གོ་སྐབས་ལུ་ འགྱུརཝ་ཨིན་པས་ཟེར་བཤད་ནུག།
དེ་བཟུམ་མའི་ བསམ་འཆར་ཚུ་ཡང་ སྤྱི་ཟླ་ ༡ པའི་ཚེས་ ༢༥ ལུ་ ཡུ་ཨེཛ་དང་ ཇར་མ་ནི་གིས་ ཡུ་ཀེ་རེན་ལུ་ ར་ཤི་ཡ་དང་གཅིག་ཁར་ དམག་འཐབ་ཀྱི་ གྲོགས་རམ་སྦེ་ མཚོན་ཆ་སྟོབས་ཚུ་ སྤྲོད་ནི་སྦེ་ ཁས་ལེན་གྲུབ་པའི་ཤུལ་ལུ་ བཀོད་ཡོདཔ་ཨིན་པས།
སྤྱི་ཟླ་ ༡ པའི་ཚེས་ ༢༦ ལུ་ ཀེ་རེམ་ལིན་གྱི་ངོ་ཚབ་ ཌི་མི་ཊིར་ པེཛ་ཀོབ་གིས་འབད་བ་ཅིན་ ཡུ་རོབ་རྒྱལ་ཁབ་ཚུ་དང་ ཝ་ཤིང་ཊཱོན་གྱིས་ དེ་བཟུམ་མའི་ གོ་མཚོན་ཚུ་ ཡུ་ཀེ་རེན་ལུ་ མཁོ་སྤྲོད་འབད་ནི་དེ་ ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་ནང་ གྲལ་གཏོགས་ཀྱི་གྲངས་སུ་ མི་བརྩི་བས་ཟེར་ཨིན་པས།
ར་ཤི་ཡའི་ སྲིད་འཛིན་གྱི་ གྲོས་དཔོན་བགྲེསཔ་གིས་ཡང་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ མཚོན་ཆ་སྟོབས་ཅན་ཚུ་ ཡུ་ཀེ་རེན་ལུ་ མཁོ་སྤྲོད་འབད་མི་ རྒྱལ་ཁབ་ཚུ་ལུ་ ར་ཤི་ཡ་གིས་ ངན་ལན་འཇལ་ནི་གི་ གཞི་ཅིག་ལུ་ འགྱུར་སྲིད་ནི་ཨིན་པའི་སྐོར་ལས་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 851
Users Yesterday : 1379
This Month : 851
This Year : 229692
Total Users : 941508
Views Today : 2183
Total views : 2741226
Who's Online : 4