
ཨེ་བི་སི།
ཡུ་ཀེའི་བློན་ཆེན་ རི་ཤི་སུ་ནག་ལུ་ ལོགས་གཅིག་ལས་ ཁོང་ཁྲོ་ཅན་གྱི་ ཚོགས་སྡེ་ཚུ་དང་ ལོགས་གཅིག་ལས་ ཀཱན་སར་ཝེ་ཊིབ་ སྲིད་ཚོགས་ཀྱི་ ཁྲིམས་ལུགས་བཟོ་མི་ཚུ་ དེ་ལས་ བར་ན་སྐོར་མར་ བཙག་འཐུ་ལས་ རྒྱལ་ཁ་འཐོབ་ཐབས་ལུ་ ཁོ་རའི་ཁ་ཐུག་ལས་ ཚོགས་རྒྱན་བསྐྱུར་མི་ ས་ཡ་ལས་བཅད་དེ་ ཕྱོགས་བསྒྱུར་འབད་དགོཔ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྤྱི་ཟླ་ ༡༢ པའི་ཚེས་ ༢ ལུ་ བློན་ཆེན་གྱི་ གོ་གནས་ཁར་ ཉིན་གྲངས་ ༡༠༠ ལང་མི་ སུ་ནག་ལུ་ ཁོ་གི་ཧེ་མའི་བློན་ཆེན་ ལིཟ་ཌཛ་ལུ་མྱོང་མི་ དོ་འགྲན་ཚུ་ལས་ ལོག་བལྟབ་ཀྱིས་ དོ་འགྲན་འབད་དགོཔ་བྱུང་ནུག།
དེ་ཡང་ ལིཟ་ཌཛ་གིས་ ཁྲལ་དེ་ཚུ་ རྒྱ་ཆེ་ཏོག་ཏོ་སྦེ་ར་ ཕབ་ཆག་འབད་ནི་གི་ འཆར་གཞི་ལུ་བརྟེན་ཏེ་ མི་སེར་ཚུ་ རྣམ་རྟོག་ལང་པའི་ གཞི་ཅིག་ལུ་ གྱུར་སོངཔ་ལས་ སྐྱེས་ལོ་ ༤༢ འབད་མི་ སུ་ནག་དེ་ ཀཱན་སར་ཝེ་ཊིབ་ སྲིད་ཚོགས་ཀྱི་ འགོ་ཁྲིད་སྦེ་ བསྐོ་བཞག་འབད་བའི་ཤུལ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༢༥ ལུ་ བློན་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་བཞིན་དུ་ ཁོ་གིས་ དངུལ་འབྲེལ་ཚོང་ལམ་གྱི་ རྣམ་རྟོག་ཞི་བཅུག་སྟེ་ དཔལ་འབྱོར་གྱི་ གནས་སྟངས་ཉམས་ནི་ལས་ ཁ་སྒྱུར་འབད་ཡོདཔ་ཨིན་པས།.
དེ་མ་ཚད་ དུས་རབས་ ༢ ཀྱི་བར་ན་ བི་རི་ཊེན་ལུ་ འགོ་ཁྲིད་གཞོན་ཤོས་དང་ ལྷོ་ཨེ་ཤི་ཡའི་ མི་རིགས་ཀྱིས་ བློན་ཆེན་འབད་མི་ཡང་ འགོ་དང་པ་ཨིནམ་ད་ ཁོ་གིས་ གོང་ཚད་ཡར་འཕར་ མཐོ་དྲགས་ཐོན་མི་ཚུ་ ཚད་འཛིན་འབད་ནི་དང་ དཔལ་འབྱོར་ཡར་འཕར་གྱི་ མགྱོགས་འགྲོས་ཡར་སེང་ དེ་ལས་ གསོ་བའི་ལམ་ལུགས་ནང་ ཨེབ་ཤུགས་ཕབ་ཆག་དང་ སྲིད་དོན་ནང་ དྲང་བདེན་བསྐྱར་གསོ་ཚུ་གི་ ཁས་ལེན་འབད་ནུག།
དེ་ཡང་ བློན་ཆེན་བགྲེསཔ་ བོ་རིཛ་ཇཱོན་སཱན་གྱིས་ ལོ་ངོ་མང་རབས་ཅིག་ རྒྱལ་ཁབ་བསྐྱངས་པའི་ དུས་སྐབས་ནང་ སྤྱོད་ངན་ཅན་གྱི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ལས་ ཁས་བླངས་དེ་ཚུ་ འགྲུབ་ནི་ལུ་ ལཱ་ཁག་ཡོདཔ་ཨིན་པས།
དེ་འབདཝ་ལས་ བདུན་ཕྲག་འདི་ནང་ བློན་ཆེན་སུ་ནག་གིས་ གསོ་བའི་ལས་བྱེད་སྡེ་ཚན་ཅིག་ལུ་ ང་གིས་ བློན་ཆེན་གྱི་ གོ་གནས་མ་འཆང་པའི་ ཧེ་མར་ཐོན་མི་ གནད་དོན་ཚུ་གི་སྐོར་ལས་ ག་ནི་ཡང་ འབད་མི་ཚུགས་ནི་ཨིན་རུང་ ང་རའི་གདོང་ཁར་ཐོན་མི་ གནད་དོན་ཚུ་གི་ ལག་ལེན་ཐེད་ཁར་ ཁྱེད་ཆ་ཁྱབ་ཀྱིས་ ང་ལུ་ འགན་འཁྲི་བཀལ་ཆོག་ཟེར་ བཤད་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1398490
Views Today :
Total views : 5000
Who's Online :