
སྤྱི་ཟླ་ ༣ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་མཆོག་གིས་ དགེ་ལེགས་ཕུག་ དཔལ་རི་ཐང་ལུ་ བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་ནང་ གྲལ་གཏོགས་འབད་མི་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།
དེ་ཡང་ བདེ་སྲུང་སྦྱོང་བརྡར་ ཤོ་ཐེངས་ ༥༦ པའི་ ལས་རིམ་དེ་ སྤྱི་ལོ་ ༢༠༢༤ ལུ་ འགོ་བཙུགས་གནང་ནི་སྦེ་ཡོད་མི་ རྒྱལ་སྲུང་གི་དོན་ལུ་ མོ་བཏབ་བཟུམ་ཅིག་སྦེ་ ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ སྦྱོང་བརྡར་འབདཝ་ལས་ དམིགས་བསལ་གྱི་ སྦྱོང་བརྡར་ལས་རིམ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས།
སྦྱོང་བརྡར་དེ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་གི་ ཉེ་འདབས་ལུ་ཡོད་མི་ དཔལ་རི་ཐང་ རྒྱལ་གཞུང་འབྲུག་གི་དམག་སྡེ་ སེང་ཁར ༩ པའི་ དམག་སྒར་ནང་སྦེ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ སྦྱོང་བརྡར་དེ་ནང་ གྲལ་གཏོགས་འབད་མི་ མི་གྲངས་ ༥༠༠ གི་གྲས་ཁར་ སྐྱེས་ལོ་ ༡༨ ལས་ ༢༡ གི་བར་ན་འབད་མི་ ཕོ་མོ་འདྲ་མཉམ་སྦེ་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ནང་ གཞི་རིམ་དམག་སྦྱོང་དང་ རྒྱལ་ཡོངས་ཤེས་ཡོན་ དེ་ལས་ ཚེ་གཡོག་གི་དོན་ལུ་ རིག་རྩལ་གོང་འཕེལ་ཚུ་ ཚུད་དེ་ཡོདཔ་ད་ ལས་རིམ་དེ་ རྒྱལ་སྲུང་སྦྱོང་བརྡར་སྤེལ་ཁང་ ༥ གི་ནང་ སྦྱོང་བརྡར་ལས་རིམ་གྱི་ ཆ་ཤས་ཅིག་སྦེ་ ལག་ལེན་འཐབ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དམིགས་བསལ་གྱི་ བདེ་སྲུང་ལས་རིམ་ནང་ རང་སོའི་ཁས་བླངས་ཐོག་ལས་ བཅའ་མར་གཏོགས་མི་ལུ་ བཀྲིན་ལེགས་གསོ་ཡོད་ལུགས་དང་ སྦྱོང་བརྡར་དེ་ནང་ལས་ཐོབ་མི་ ཉམས་མྱོང་ཚུ་ རྒྱལ་སྲུང་སྦྱོང་བརྡར་གྱི་དོན་ལུ་ ཁེ་ཕན་སྦོམ་ འོང་ནི་ཨིནམ་མ་ཚད་ འབྲུག་གི་རྒྱལ་ཡོངས་ཞབས་ཏོག་ནང་ མི་རབས་ལས་ མི་རབས་སྦེ་བརྒྱུད་མི་ འབྲུག་མི་ཚུ་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པས་ཟེར་ གསུངས་གནང་ཡོད་པའི་གནས་ཚུལ།





Users Today : 769
Users Yesterday : 1379
This Month : 769
This Year : 229610
Total Users : 941426
Views Today : 1877
Total views : 2740920
Who's Online : 7