བྱང་ཀོ་རི་ཡའི་ སྲིད་འཛིན་གྱིས་ དམག་སྦྱོང་ནང་ བརྩོན་ཤུགས་བསྐྱེད་དགོ་པའི་བཀའ་བསྐུལ།

རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ བྱང་ཀོ་རི་ཡའི་སྲིད་འཛིན་ ཀིམ་ཇོང་ཨཱན་གྱིས་ དམག་འཁྲུག་ངོ་མའི་སྐབས་ལུ་ གདོང་ལན་དང་ བཀག་དམ་གྱི་དོན་ལས་ དགོས་མཁོ་ཆེ་བའི་ དམག་སྦྱོང་ཚུ་ སྔར་བ་ལྷགཔ་སྦེ་ བྱིན་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ད་ དེ་ཡང་ སྲིད་འཛིན་གྱིས་ ཀྲོབ་མདའ་རྐྱབ་ནི་གི་ དམག་སྦྱོང་ཅིག་ནང་ བལྟ་རྟོག་འབད་བའི་ཤུལ་ལས་ གནང་ཡོདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༩ ལུ་ བྱང་ཀོ་རི་ཡ་གིས་ རྒྱང་ཐུང་མི་ཛ་ཡེལ་ཅིག་ ནུབ་ཕྱོགས་མཚོ་འགྲམ་ཅིག་གི་ནང་ལས་ མོ་བཏབ་ཀྱི་དོན་ལུ་ བཏང་ཡོདཔ་ད་ ལྷོ་ཀོ་རི་ཡའི་ དམག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ ས་གནས་དེ་ཁ་ལས་ མི་ཛ་ཡེལ་ ལེ་ཤ་ཅིག་ར་ བཏང་ཡོད་པའི་ དོགས་པ་ཡོདཔ་ལས་ བརྟག་ཞིབ་འབད་དོ་ཟེར་ཨིན་པས།
བྱང་ཀོ་རི་ཡའི་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བྱང་ཀོ་རི་ཡ་གིས་ དམག་འཁྲུག་ངོ་མའི་ གདོང་ལན་འབད་ཐབས་ལུ་ ལྕོགས་གྲུབ་འགྲེམ་སྟོན་གྱི་ དམིགས་གཏད་ཐོག་ལས་ རྒྱ་མཚོའི་ནང་ ནུས་ཤུགས་ཅན་གྱི་ མི་ཛ་ཡེལ་ཚུ་ བཏང་ཡི་ཟེར་ཨིན་པས།
སྲིད་འཛིན་ཀིམ་གྱིས་ དང་པར་དུ་ དམག་འཁྲུག་བཀག་ཐབས་ལུ་དང་ གཉིས་པ་ དམག་འཁྲུག་འགོ་འདྲེན་གྱི་དོན་ལས་ དམག་སྡེ་ཚུ་ ཐབས་བྱུས་ཅན་གྱི་ དམག་འཐབ་ནང་ སྤུས་དག་བཟོ་ཐབས་ལུ་ དམག་སྦྱོང་མ་འདྲཝ་ཚུ་ སྔར་བ་ལྷགཔ་སྦེ་ བྱིན་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: