
སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ རྒྱལ་ཁབ་ཀྱི་སྐུ་རིམ་ འཕགས་པ་སྤྱན་རས་གཟིགས་ཀྱི་ ལོ་བསྟར་སྒྲུབ་མཆོད་ ཐེངས་ ༩ པ་ གནང་མི་དེ་ དངོས་གྲུབ་བླངས་མཆོག་དང་ བཀྲ་ཤིས་རྒྱས་པ་དང་བཅསཔ་སྦེ་ རང་ཟླ་ ༡ པའི་ཚེས་ ༢༢ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ གྲོལ་གནང་ནུག།
དེ་ཡང་ རང་ཟླ་ ༡ པའི་ཚེས་ ༡༥ སྤྱི་ཟླ་ ༣ པའི་ཚེས་ ༧ ལས་ འགོ་བཙུགས་ཏེ་ ལྷུན་རྩེ་ཨའུ་མཚོ་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་སྦེ་ གྲྭ་ཚང་དེ་ཁའི་ བླ་སྤྲུལ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ བདུན་ཕྲག་ ༡ གི་རིང་ལུ་ གནང་ཡོདཔ་ཨིན་པས།
དེ་མ་ཚད་ སྒྲུབ་མཆོད་གྲོལ་བའི་ཉིན་མར་ མི་དབང་ཡབ་མེས་སྲས་ ༣ གྱིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ཚུ་ སྐུ་ཚེ་ཞབས་པད་ བརྟན་ཐབས་ལུ་དང་ རྒྱལ་ཁབ་ནང་ ཞི་བདེ་འབྱུང་ཐབས་ལུ་ སྒྲུབ་མཆོད་ཀྱི་ རྒྱབ་ཆོས་གཏང་རག་ དཔལ་ལྡན་བདུད་གསོལ་ལྷ་མོའི་ ཚོགས་འཁོར་དང་ གནས་བདག་དང་ བཙན་ལ་སོགས་པ་ཚུ་ལུ་ཡང་ གསོལ་མཆོད་ཕུལ་ཡོད་པའི་ གནས་ཚུལ་མདོར་བསྡུས།





Users Today : 1350
Users Yesterday : 1155
This Month : 48909
This Year : 228812
Total Users : 940628
Views Today : 2376
Total views : 2739000
Who's Online : 7