
འབྲུག་ལུ་ ལམ་བཟོ་བསྐྲུན་ནང་ རྩི་ས་བཀྲམ་སྤེལ་གྱི་དོན་ལས་ རྒྱ་གར་ལས་སེལ་ལས་འགུལ་ དཱན་ཊག་དང་ གདུང་བསམ་རྩི་ས་ལས་འཛིན་གྱི་བར་ན་ གོ་བརྡའི་ཆིངས་ཡིག་ཅིག་ལུ་ མིང་རྟགས་བཀོད་ནུག།
དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༡༦ ལུ་ ཌན་ཊཱག་གི་ བཟོ་རིག་འགོ་དཔོན་གཙོ་འཛིན་ མདོ་འཛིན་ཇའི་ཝིན་ཌར་སིང་དང་ གདུང་བསམ་རྩི་ས་ལས་འཛིན་གྱི་ ཚོང་འབྲེལ་འགོ་འཛིན་ ཚེ་རིང་རྡོ་རྗེ་ ༢ ཀྱིས་ བཀོད་ཡོདཔ་ད་ ད་ལས་ཕར་ ཆིངས་ཡིག་དེ་ལུ་བརྟེན་ཏེ་ འབྲུག་ནང་འཁོད་ཀྱི་ བཟོ་གྲྭ་ཚུ་ གོང་འཕེལ་གཏང་ནི་དང་ འབྲུག་གི་དཔལ་འབྱོར་དང་ གོང་འཕེལ་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་ལས་ རྩི་ས་ནང་འདྲེན་འབད་ནི་ཚུ་ཡང་ མར་ཕབ་འབད་ཚུགས་ནི་ཨིནམ་ད་ འབྲུག་ལུ་ དཱན་ཊག་ལས་འགུལ་གྱིས་ འཁོར་ལམ་བཟོ་བསྐྲུན་དང་ རྒྱུན་སྐྱོན་འཐབ་སྟེ་ མི་ལོ་བཅུ་ཕྲག་ ༦ དེ་ཅིག་ སོང་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 445
Users Yesterday : 1155
This Month : 48004
This Year : 227907
Total Users : 939723
Views Today : 638
Total views : 2737262
Who's Online : 8