རྒྱ་པཱན་དང་ རྒྱ་ནག་གི་ དབུ་ཁྲིད་ ༢ ཡུ་ཀེ་རེན་གྱི་ ཕྱད་མདའ་དང་འབྲེལ་བའི་ རྒྱལ་ཁབ་ ༢ ཀྱི་ནང་གཟིགས་སྐོར།

བི་བི་སི།
ཡུ་ཀེ་རེན་གྱི་ ཕྱད་མདའི་སྐོར་ལས་ ཨེ་ཤི་ཡའི་ ལུང་ཕྱོགས་ཀྱི་ འཆར་སྣང་དེ་ ད་རེས་ རྒྱ་པཱན་དང་ རྒྱ་ནག་གི་ དབུ་ཁྲིད་ ༢ ཀྱི་ གཟིགས་སྐོར་ལས་རིམ་གྱིས་ བརྡ་སྟོན་འབདཝ་ཨིན་པས།
དེ་ཡང་ དབུ་ཁྲིད་ ༢ ཕྱད་མདའི་སྐོར་ལས་ རྒྱབ་འགལ་ཅན་གྱི་ གནས་རིམ་ཐོག་ལུ་ གཟིགས་སྐོར་གནང་ཡོདཔ་ད་ རྒྱ་པཱན་གྱི་བློན་ཆེན་ ཕུ་མི་ཡོ་ཀི་ཤི་ད་དེ་ ཡུ་ཀེ་རེན་གྱི་རྒྱལ་ས་ ཀི་ཡེབ་ལུ་བྱོན་ཏེ་ ཡུ་ཀེ་རེན་གྱི་ སྲིད་འཛིན་དང་གཅིག་ཁར་ ཡུ་ཀེ་རེན་གྱི་ གནས་སྟངས་བསྐྱར་གསོ་དང་ འགྲོ་བ་མི་ལུ་ གྲོགས་རམ་འབད་ནི་གི་ ཁས་བླངས་ཡོད་པའི་སྐོར་ལས་ གསུང་གྲོས་ཚུ་གནང་ནུག།
དེ་དང་དུས་མཉམ་ལུ་ རྒྱ་ནག་གི་དབུ་ཁྲིད་ ཛི་ཇིན་པིང་དེ་ ར་ཤི་ཡའི་རྒྱལ་ས་ མོཛ་ཀོ་ལུ་ ར་ཤི་ཡའི་ སྲིད་འཛིན་དང་གཅིག་ཁར་ མཛའ་བཤེས་དང་ མཉམ་རོགས་ཀྱི་ གནས་རིམ་ཁར་ གཟིགས་སྐོར་གནང་སྟེ་ རྒྱ་ནག་གིས་ ཡུ་ཀེ་རེན་གྱི་ ཕྱད་མདའི་སྐོར་ལས་ ཕྱོགས་བཟུང་མེདཔ་སྦེ་ བཤད་དེ་འབད་རུང་ དོན་ངོ་མ་ལུ་ ཕྱོགས་རིས་མེདཔ་མིན་པར་ མོཛ་ཀོ་ཁ་ཐུག་ལུ་ ཕྱོགས་ལྷུང་འབད་ཡོདཔ་ཨིན་པས།
སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ ཛི་ཇིན་པིང་གིས་ རྒྱ་ནག་གིས་ ར་ཤི་ཡ་དང་གཅིག་ཁར་ མཐུན་ལམ་ལུ་ གཙོ་བོར་བཟུང་ནི་ཨིནམ་མ་ཚད་ རྒྱ་ནག་དང་ ར་ཤི་ཡ་ ༢ དབང་ཤུགས་ཅན་གྱི་ ཁྱིམ་མཚེས་རྒྱལ་ཁབ་ཡང་ཨིན་པའི་ གསལ་བཤད་འབད་ནུག།
འཛམ་གླིང་དམག་ཆེན་ ༢ པ་ལས་ ད་ཚུན་གྱི་བར་ན་ རྒྱ་པཱན་གྱི་ དབུ་ཁྲིད་ཀྱིས་ དམག་འཁྲུག་ལང་སའི་ རྒྱལ་ཁབ་ནང་ གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིནམ་ད་ དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ རྒྱལ་ས་ཀི་ཡེབ་ལུ་ མ་ཕེབས་ཚུན་ ཉེན་སྲུང་གི་དོན་ལས་ གསང་བ་སྦེ་ བཞག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: