
ནོར་བུ་བཟང་མོ།
རང་ཟླ་ ༢ པའི་ཚེས་ ༣ སྤྱི་ཟླ་ ༣ པའི་ཚེས་ ༢༤ ལས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལུ་ ལྷུན་རྩེ་ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་ནང་སྦེ་ མགོན་པོ་ལྕམ་དྲལ་གསུམ་དང་ ལྷ་ཆེན་དབང་ཕྱུག་གི་ གསོལ་མཆོད་རྒྱས་པ་ཚུ་ གནང་དོ་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་ ༢ པའི་ཚེས་ ༩ ཚུན་འབདཝ་ད་ ཉིན་གྲངས་ ༧ གྱི་རིང་ལུ་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ འབྲུག་གཞུང་གི་ དགོངས་བཞེད་ལྟར་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ སྒྲུབ་ཐབས་ཀྱི་ བྱ་བ་རྩོམ་མི་ཚུ་ མཐར་ཕྱིན་ཐོག་ལས་ བསམ་དོན་ལྷུན་གྱིས་ འགྲུབ་ཐབས་ལུ་ གནངམ་ཨིན་པས།
དེ་མ་ཚད་ རང་ཟླ་ ༡ པའི་ཚེས་ ༡༥ སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་ཁག་གི་ནང་ཡང་ གསུང་ཆོག་གཅིག་མཚུངས་སྦེ་ གནང་དགོ་པའི་ བཀའ་ཤོག་གནང་ཡོདཔ་བཞིན་དུ་ རྫོང་ཁག་ཉི་ཤུའི་ དགེ་རབ་གྲྭ་ཚང་ཁག་ལུ་ཡང་ རྒྱལ་ཁབ་ཀྱི་སྐུ་རིམ་ མགོན་པོ་ལྕམ་དྲལ་གསུམ་དང་ ལྷ་ཆེན་དབང་ཕྱུག་གི་ གསོལ་མཆོད་རྒྱས་པ་ཚུ་ ཉིན་གྲངས་ ༧ གྱི་རིང་ལུ་ གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།




Users Today : 205
Users Yesterday : 1351
This Month : 41764
This Year : 221667
Total Users : 933483
Views Today : 503
Total views : 2723010
Who's Online : 10