
ཨེ་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ ཏཱ་ལི་བཱན་ གཡིབ་དམག་ཚུ་གིས་ པ་ཀིཛ་ཏཱན་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ ༤ དམར་བསད་འབད་ཡོདཔ་མ་ཚད་ གཞན་མི་འགོ་དཔོན་ ༦ ལུ་ཡང་ རྨ་སྐྱོན་བྱུང་ནུག།
དེ་ཡང་ པ་ཀིཛ་ཏཱན་གྱི་ ནུབ་བྱང་ཁ་ཐུག་ལུ་ཡོད་མི་ ཁྲིམས་སྲུང་འགག་སྡེའི་ དམག་སྒར་དང་ སྣུམ་འཁོར་ཅིག་ལུ་ དམིགས་གཏད་བསྐྱེད་དེ་ རྫས་བམ་བཀལ་བཞག་མི་དེ་ གས་བཅུག་པའི་ གནད་ལུ་བརྟེན་ཏེ་ཨིན་པས།
དེ་བཟུམ་མའི་ དྲག་རྒོལ་ཐོག་ལས་ བྱ་ངན་འབད་མི་དེ་ པ་ཀིཛ་ཏཱན་གྱི་ ཏཱ་ལི་བཱན་ གཡིབ་དམག་ཚུ་ཨིན་པའི་ བདེན་ཁུངས་བཤད་ཡོདཔ་ད་ གཡིབ་དམག་སྡེ་ཚན་དེ་ པ་ཀིཛ་ཏཱན་གྱི་ ཏེ་རིག་ཨི་ ཏཱ་ལི་བཱན་ཟེར་མི་ཨིན་པའི་ ངོས་འཛིན་འབད་ནུག།
སྤྱི་ལོ་ ༢༠༢༡ ལུ་ ཏཱ་ལི་བཱན་གྱིས་ ཨཕ་གྷ་ནིཛ་ཏཱན་གྱི་ གཞུང་གི་དབང་ཚད་དེ་ བཙན་འཕྲོག་འབད་བའི་ཤུལ་ལས་ གཡིབ་དམག་སྡེ་ཚན་དེ་ཡང་ དྲག་བཅོམ་འབད་ནི་ལུ་ བློ་སྤོབས་ཐོབ་ཡོདཔ་ཨིན་པས།
གཞུང་གི་དབང་ཚད་དེ་ཡང་ ཨཕ་གྷ་ནིཛ་ཏཱན་ རྒྱལ་ཁབ་ནང་ མི་ལོ་ ༢༠ གི་རིང་ལུ་ དམག་རྐྱབ་སྡོད་མི་ ཡུ་ཨེཛ་དང་ ན་ཊོའི་དམག་མི་ཚུ་ ཕྱིར་བཏོན་འབད་བའི་ཤུལ་ལས་ ཏཱ་ལི་བཱན་གྱིས་ བཙན་འཕྲོག་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 307
Users Yesterday : 1695
This Month : 40515
This Year : 220418
Total Users : 932234
Views Today : 1134
Total views : 2719843
Who's Online : 4