སྐྱབས་རྗེ་མཆོག་གིས་ བདུན་ཕྲག་ ༢ ལྷགཔ་ཅིག་གི་ བཀའ་ཆོས་གྲོལ་གནང་ཡོདཔ།

རང་ཟླ་ ༤ པའི་ཚེས་ ༡ སྤྱི་ཟླ་ ༥ པའི་ཚེས་ ༢༠ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་རྫོང་ཁག་ ཨའུ་མཚོ་སློབ་གྲྭ་ལྟེ་བའི་ རྩེད་ཐང་ནང་སྦེ་ དབང་ལུང་ཁྲིད་ ༣ དང་ སྨོན་ལམ་ཆེན་མོ་ གནང་མི་ཚུ་ ལེགས་ཤོམ་སྦེ་ གྲོལ་གནང་པའི་ དགའ་སྟོན་ལུ་ གླུ་གར་གྱི་ མཆོད་པ་ཚུ་ཕུལ་ཏེ་ བཀྲིས་ལེགས་དཔལ་དང་བཅསཔ་སྦེ་ མཇུག་བསྡུ་གནང་ནུག།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༣ ལས་ ༡༥ ཚུན་ བདུན་ཕྲག་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ ཐུགས་དགོངས་ལས་འཁྲུངས་པའི་ ཟབ་ཆོས་མང་རབས་ཅིག་ ཕྱོགས་བསྡེབས་མཛད་གནང་པའི་ གསུང་འབུམ་པོ་ཏི་ ༡༢ ཀྱི་ དབང་ལུང་ཁྲིད་ ༣ དང་ སྤྱི་ཟླ་ ༥ པའི་ཚེས་ ༡༦ ལས་ ༡༩ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ དམིགས་བསལ་གྱི་ འཛམ་གླིང་ཞི་བདེའི་ སྨོན་ལམ་ཆེན་མོ་ གནང་ཡོད་པའི་ གནས་ཚུལ་མདོར་བསྡུས།

Please follow and like us: