
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༨ ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ ༣༧ ཏཱ་ཡེ་ཝཱན་གྱི་ ཉེན་སྲུང་གནམ་ཁོངས་ནང་ འཕུར་ཡོདཔ་སྦེ་ སྙན་ཞུ་ཐོབ་པའི་ཤུལ་ལས་ ཏཱ་ཡེ་ཝཱན་གྱིས་ སྲུང་སྐྱོབ་རིམ་ལུགས་ཚུ་ ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།
ད་རེས་ དམངས་གཙོའི་གཞུང་སྐྱོང་འོག་ལུ་ཡོད་མི་ ཏཱ་ཡེ་ཝཱན་དེ་ རྒྱ་ནག་གིས་ ཁོང་གི་མངའ་འོག་ལུ་ཨིནམ་སྦེ་ རྩིས་དོ་ཡོདཔ་ད་ འདས་པའི་ལོ་ངོ་ ༣ གྱི་ནང་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ཚུ་ དུས་རིམ་བཞིན་དུ་ ཏཱ་ཡེ་ཝཱན་གྱི་ གནམ་ཁོངས་ནང་ འཕུར་འགྲུལ་འབད་ནུག།
དེ་འབདཝ་ལས་ ཏཱ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ དྲོ་པའི་ཆུ་ཚོད་ ༥ ལས་ འགོ་བཙུགས་ཏེ་ གནམ་གྲུ་ ༣༧ ཁོང་གི་མཁའ་དབྱིངས་ལུ་ འཕུར་མིའི་གྲས་ཁར་ རྡུལ་ཕྲན་ནུས་ཤུགས་ཀྱི་ གས་རྫས་བཀོག་མི་ གནམ་གྲུ་ཚུ་ཡང་འདུག་ཟེར་ བཤད་ཡོདཔ་ཨིན་པས།
རྒྱ་ནག་གི་ གནམ་གྲུ་ལ་ལོ་ཅིག་ ཏཱ་ཡེ་ཝཱན་གྱི་ ལྷོ་ཕྱོགས་ཁ་ཐུག་ལུ་དང་ པེ་སི་ཕིག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ འཕུར་འགྲུལ་འབད་དེ་ བལྟ་རྟོག་དང་ ཐག་རིང་གི་ སྦྱོང་བརྡར་ཚུ་ འབད་དོ་ཡོདཔ་ལས་ ཏཱ་ཡེ་ཝཱན་གྱིས་ཡང་ ས་ཐོག་མི་ཛ་ཡེལ་རིམ་ལུགས་ གྲ་སྒྲིག་དང་འབྲེལ་ཏེ་ གནམ་གྲུ་དང་ མཚོ་གྲུ་ཚུ་ བལྟ་རྟོག་གི་དོན་ལས་ བཏང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 70
Users Yesterday : 1487
This Month : 37107
This Year : 217010
Total Users : 928826
Views Today : 84
Total views : 2711285
Who's Online : 5