
ཨེ་བི་སི།
སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྩོད་རྙོག་ཅན་གྱི་ས་ཁོངས་ ཀཤ་མིར་ལུ་ རྒྱ་གར་གྱི་ དམག་མི་ཚུ་དང་ གཡིབ་དམག་ཨིན་པའི་ དོགས་པ་ཅན་ཚུ་གི་བར་ན་ ཀྲོབ་མདའ་ལག་ལེན་འཐབ་སྟེ་ བྱེལཝ་ལངས་པའི་སྐབས་ལུ་ གཡིབ་དམག་ཨིན་པའི་ དོགས་པ་ཅན་ ༥ དམར་བསད་ཡི་ཟེར་ཨིན་པས།
དེ་ཡང་ པ་ཀིཛ་ཏཱན་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱི་ ས་མཚམས་མངའ་སྡེ་ ཀུབ་ཝ་ར་ཟེར་སའི་ ནུབ་བྱང་ཕྱོགས་ལུ་ རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེ་དང་ དྲག་པོའི་དམག་སྡེ་ ༢ མཉམ་རུབ་ཐོག་ལས་ ངོ་རྒོལ་ལུ་ ཟློག་ལན་འབད་བའི་བསྒང་ བྱུང་ཡོདཔ་ད་ དེ་བཟུམ་མའི་ ངོ་རྒོལ་འབད་མི་ཚུ་ལུ་ ཀཤ་མིར་ལུ་ཡོད་མི་ མུཟ་ལིམ་ ཆོས་ལུགས་འཛིན་མི་ཚུ་གིས་ རྒྱབ་སྐྱོར་འབདཝ་ཨིན་པས།
ཀཤ་མིར་གྱི་ ས་ཁོངས་དེ་ལུ་ རྒྱ་གར་དང་ པ་ཀིཛ་ཏཱན་ རྒྱལ་ཁབ་གཉིས་ཆ་གིས་ར་ ཐོབ་བརྗོད་བཀོད་དོ་ཡོདཔ་ད་ དེ་ཡང་ རྒྱ་གར་གྱི་ དབང་ཆའི་འོག་ལུ་ཚུད་མི་ ཀཤ་མིར་ལུ་ སྤྱི་ལོ་ ༡༩༨༩ ལས་ཚུར་ར་ རྒྱ་གར་གཞུང་ལུ་ ཀཤ་མིར་དེ་ པ་ཀིཛ་ཏཱན་གྱི་ རྒྱལ་ཁབ་ཁོངས་སུ་ བཞག་དགོཔ་དང་ དེ་མིན་རུང་ རང་དབང་ཅན་གྱི་ རྒྱལ་ཁབ་སྦེ་ བཞག་དགོ་པའི་ བརྗོད་དོན་ཐོག་ལུ་ ངོ་རྒོལ་འབདཝ་ཨིན་པས།
རྒྱ་གར་གྱིས་ དེ་བཟུམ་མའི་ ངོ་རྒོལ་འབད་མི་ཚུ་ལུ་ པ་ཀིཛ་ཏཱན་གྱིས་ རྒྱབ་སྐྱོར་ཡོདཔ་སྦེ་ བཤད་མི་དེ་ལུ་ པ་ཀིཛཏཱན་གྱིས་ རྒྱབ་སྐྱོར་འབད་ནི་མེདཔ་སྦེ་ བཤདཔ་མ་ཚད་ ངོ་རྒོལ་དེ་ཡང་ ཀཤ་མིར་གྱི་ ཁ་ཐུག་ལས་ ཁྲིམས་མཐུན་རང་དབང་གི་དོན་ལས་ ལག་ལེན་འཐབ་མ་གཏོགས་ དེ་སྦེ་ ཁ་ཉེས་བཀལ་མི་ལུ་ཡང་ བདེན་ཁུངས་མེདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1431882
Views Today :
Total views : 5000
Who's Online :