ལྷོ་ཀོ་རི་ཡ་ལུ་ ཨམ་སྲུ་ཅིག་གིས་ ཨ་ལོ་གསར་སྐྱེས་ ༢ བསད་དེ་ ཁྱེགས་སྒྲོམ་ནང་ བཞག་ཡོད་པའི་ཉེས་འཛུགས།

སི་ཨེན་ཨེན།
ལྷོ་ཀོ་རི་ཡ་ལུ་ ཨམ་སྲུ་ཅིག་གིས་ མོ་རའི་ཨ་ལོ་གསར་སྐྱེས་ ༢ བསད་ཞིནམ་ལས་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ ཁྱེགས་སྒྲོམ་ནང་ བཙུགས་བཞག་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཨམ་སྲུ་དེ་ འཛིན་བཟུང་གི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་འབད་ནུག།
སྐྱེས་ལོ་ ༣༠ སོ་གྲངས་ནང་འབད་མི་ ཨམ་སྲུ་དེ་གིས་ མོ་རའི་ཨ་ལོ་ ༢ བསད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ དེ་ཡང་ ཨ་ལོ་སྦོམ་ཤོས་ སྐྱེས་ལོ་ ༡༢ དང་ ༡༠ དེ་ལས་ ༨ འབད་མི་ཚུ་ གསོ་ནི་ལུ་ དཔལ་འབྱོར་གྱི་ དཀའ་སྡུག་མྱོང་ནི་དེ་གིས་ བསད་དགོཔ་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ དང་པ་ར་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༡ པའི་ནང་ ཨ་ལོ་བུམོ་ཅིག་ སྐྱེས་མི་དེ་ ཨོལ་ལྐོག་བསྡམས་ཏེ་ བསད་ཞིནམ་ལས་ མོ་རའི་ཁྱིམ་ནང་ཡོད་མི་ ཁྱེགས་སྒྲོམ་ནང་ བཙུགས་བཞག་ནུག།
དེ་ལས་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡༡ པའི་ནང་ སྐྱེས་མི་དེ་ཡང་ དེ་བཟུམ་སྦེ་ར་ བསད་ཡོད་པའི་ ཁ་ཉེས་བཀལ་ཡོདཔ་ད་ མོ་རའི་རྨགཔ་ལུ་ ཨ་ལོ་ཚུ་ མ་སྐྱེས་པའི་ སྔ་གོང་ལས་ར་ བཏོན་བཏང་ཡོདཔ་སྦེ་ བཤད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: