
ཨེ་བི་སི།
སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ ཕ་རཱནཛ་ཁྲིམས་སྲུང་འགག་པ་ཅིག་གིས་ ཀྲོབ་མདའ་རྐྱབ་སྟེ་ སྐྱེས་ལོ་ ༡༧ འབད་མི་ བུཚ་ ༡ བསད་ཡོདཔ་ལས་ མི་སེར་ཚུ་ ཁོང་ཁྲོ་ལང་ཐོག་ལུ་ ཁྲོམ་ལམ་བདའ་སྟེ་ ངོ་རྒོལ་འགྲེམ་སྟོན་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ཨིན་པས།
དེ་ཡང་ ངོ་རྒོལ་འབད་མི་ཚུ་གིས་ ཁྲོམ་ལམ་ཚུ་ནང་ འགྲོ་འགྲུལ་བཀག་ཐོག་ལས་ སྒྲིང་ཁྱིམ་ཚུ་དང་ སྣུམ་འཁོར་ཚུ་ མེ་སྤར་བཏང་པའི་གུ་ ཁྲིམས་སྲུང་འགག་སྡེ་ལུ་ མེ་རྫས་ཚུ་ བཀོག་བ་གིས་མ་ཚད་པར་ ཚོང་ཁང་ཚུ་ཡང་ འཕྲོག་བཅོམ་འབདཝ་ཨིན་པས།
ངོ་རྒོལ་འབད་མི་ཚུ་གིས་ གཙོ་བོ་ར་ ཁྲིམས་སྲུང་འགག་སྡེའི་ དམག་སྒར་དང་ སློབ་གྲྭ་ དེ་ལས་ ཁྲོམ་གྱི་སྤྱི་དོན་ཁང་ཚུ་ལུ་ གནོདཔ་བཀལ་ནི་གི་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ ཁྲིམས་སྲུང་འགག་པ་ཚུ་གིས་ མིག་རླུང་དང་ ཆུ་སྟོབས་ དེ་ལས་ ཤི་ཉེན་མེད་པའི་ གས་རྫས་ཚུ་བཀོག་སྟེ་ ངོ་རྒོལ་འབད་མི་ སྡེ་ཚན་ཚུ་ལས་ བཟློག་ཐབས་འབད་དོ་ཟེར་བཀོད་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༢༩ ལུ་ ངོ་རྒོལ་འབད་མི་ ༦༦༧ དེ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ ཁྲོམ་སྡེ་ཚུ་ནང་ ནུབ་མོར་ཕྱི་ཁར་འཐོན་ནི་མེདཔ་སྦེ་ བཀག་དམ་འབད་དེ་ཡོདཔ་ད་ འཛིན་བཟུང་འབད་མི་ལས་ ཕྱེད་དེ་ཅིག་གི་རྩིས་ རྒྱལ་ས་པེ་རིཛ་ལུ་ ངོ་རྒོལ་འབད་མི་ཚུ་ཨིན་པས།
དེ་བཟུམ་མའི་ ངོ་རྒོལ་ཚུ་ བཀག་ཐབས་ལུ་ དམག་མི་ ༤༠,༠༠༠ དེ་ཅིག་ བགོ་བཀྲམ་འབད་མིའི་གྲས་ལས་ དམག་མི་ ༥,༠༠༠ དེ་ཅིག་ རྒྱལ་སའི་ཁྲོམ་སྡེ་ཚུ་ནང་ བཀོ་བཀྲམ་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1300
Users Yesterday : 1729
This Month : 5102
This Year : 185005
Total Users : 896821
Views Today : 3355
Total views : 2633672
Who's Online : 10