
བི་བི་སི།
རྒྱ་གར་གྱིས་ ད་ཚུན་གྱི་བར་ན་ འཕྲུལ་སྐར་ཅིག་ཡང་ མ་ཆགས་པར་ཡོད་མི་ ལྷོ་ཕྱོགས་ཟླ་བའི་རྩེ་མོ་ལུ་ འགོ་དང་པ་ ཆགས་ནིའི་དོན་ལས་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་དེ་ མཐར་འཁྱོལ་ཅན་སྦེ་ བཏང་ཚུགས་ཡོདཔ་ཨིན་པས།
དེ་ཡང་ ཟླ་བའི་ཕྱི་ཁ་ལས་ པད་སྐོར་བསྒྱིར་ནི་དང་ ཟླ་བའི་གུ་ཆགས་ནི་ དེ་ལས་ ཟླ་བའི་གུ་ འགྲོ་འགྲུལ་བཅས་ཀྱི་ འཕྲུལ་ཆས་ཚུ་དང་བཅསཔ་སྦེ་ཡོད་མི་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡༤ ལུ་ ཕྱེད་ཡོལ་ཆུ་ཚོད་ ༢.༣༥ དེ་ཅིག་ཁར་ སི་རི་ཧ་རི་ཀོ་ཊ་ མཁའ་དབྱིངས་ལྟེ་བ་ལས་བཏང་ནུག།
རྒྱ་གར་མཁའ་དབྱིངས་ལས་སྡེའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཟླ་བའི་གུ་ ཆགས་ནི་ཨིན་མི་ འཕྲུལ་ཆ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༢༣ དང་ ༢༤ ལུ་ ཟླ་བའི་གུ་ ལྷོད་འོང་ཟེར་ཨིན་པས།
དེ་བཟུམ་མའི་ འཕྲུལ་སྐར་བཏང་མི་དེ་ ཡུ་ཨེཛ་དང་ སོ་ཝིཏ་ཡུ་ནི་ཡཱན་ དེ་ལས་ རྒྱ་ནག་ཚུ་གི་ཤུལ་ལས་ རྒྱ་གར་དེ་ རྒྱལ་ཁབ་ ༤ པ་ཨིནམ་ད་ དེ་ཡང་ ཧེ་མ་ལས་ འཕྲུལ་སྐར་བཏང་མི་ཚུ་དང་འབྲེལ་བའི་ ཉམས་མྱོང་ཐོབ་མི་ལུ་ གཞི་བརྟེན་འབད་དེ་ཨིན་པས།
རྒྱ་གར་གྱི་ སྤྱི་ལོ་ ༢༠༠༨ ལུ་ ཟླ་བའི་ནང་ འཕྲུལ་སྐར་བཏང་སྟེ་ ལོ་ངོ་ ༡༣ འཁོར་བའི་ཤུལ་ལུ་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་དེ་ བཏང་ཡོདཔ་ད་ ཅཱན་དར་ཡཱན་དང་པ་དེ་གིས་ ཟླ་བའི་ནང་ ཆུ་ཡོད་མེད་ཀྱི་ ཞིབ་དཔྱད་ཚུ་འབད་ནུག།
དེ་ལས་ ཅཱན་དར་ཡཱན་ ༢ པ་དེ་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༧ པའི་ནང་ བཏང་མི་དེ་ མཐར་འཁྱོལ་དུམ་གྲ་ཅིག་ལས་ མ་བྱུང་རུང་ དེ་དང་གཅིག་ཁར་ ཟླཝ་པད་སྐོར་བསྒྱིར་མི་ འཕྲུལ་ཆ་དེ་ ད་རེས་ཡང་ པད་སྐོར་བསྒྱིར་ཏེ་ར་ དབྱེ་ཞིབ་ཚུ་འབད་དོ་ཟེར་ཨིན་པས།
ལྗིད་ཚད་ཀེ་ཇི་ ༣,༩༠༠ ཡོད་མི་ འཕྲུལ་སྐར་ཅཱན་དར་ཡཱན་ ༣ པ་དེ་ རུ་པི་ཐེར་འབུམ་ ༦.༡ དེོ་ཅིག་ རྒྱ་གར་དཱན་ཏག་ལས་འགུལ་གྱིས་ ཕུན་ཚོགས་གླིང་དང་ ཐིམ་ཕུའི་བར་ན་ ས་རུད་ཆད་མི་ འཁོར་ལམ་ཁག་ ༡༩ བསལ་ཡོདཔ།
ད་རེས་ནངས་པར་ ཆརཔ་རྐྱབ་པ་ལུ་བརྟེན་ཏེ་ ས་རུད་ཆད་དེ་ར་ཡོད་རུ་ རྒྱ་གར་གྱི་ ལམ་སེལ་ལས་འགུལ་ དཱན་ཏག་གིས་ ཕུན་ཚོགས་གླིང་དང་ ཐིམ་ཕུའི་བར་ན་ འཁོར་ལམ་བདའ་སྟེ་ ས་རུད་ཁག་ ༡༩ དེ་ཅིག་ ཆད་མི་ཚུ་ བསལ་ཐོག་ལས་ ལམ་འགྲུལཔ་ཚུ་ ཐོགས་ཆགས་མེད་པར་ འགྲུལ་བསྐྱོད་འབད་ཚུགསཔ་ཨིན་པས།
དེ་ཡང་ དཱན་ཏག་ལས་འགུལ་གྱིས་ ལྷོ་བྱང་གཉིས་ཆ་ར་ལས་ གཞུང་ལམ་སེལ་ནི་གི་ལཱ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ ས་རུད་དེ་ཡང་ ཀི་ལོ་མི་ཊར་ ༡༡༠ དེ་ཅིག་གི་བར་ན་ ཆད་ཡོད་མིའི་གྲས་ལས་ ས་རུད་སྦོམ་ཤོས་དེ་ རིང་ཚད་མི་ཊར་ ༨༠ དེ་ཅིག་ཨིན་པས།
དེ་སྦེ་ གཞུང་ལམ་སེལ་ནི་གི་ ལཱ་ཚུ་འབད་བའི་སྐབས་ལུ་ ས་གནས་ཀྱི་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ གལ་ཆེ་བའི་ ལཱ་འགན་འབག་སྟེ་ འགྲུལ་འཁོར་ཚུ་ འཛིན་སྐྱོང་འཐབ་ནུག།
དཱན་ཏག་གིས་ འགྲུལ་པ་ཚུ་གི་ ཉེན་སྲུང་གི་དོན་ལས་ དྲན་པ་འཐེབ་སྟེན་ཏེ་ འཕྲོ་མཐུད་དེ་ར་ ཨེ་ཤི་ཡའི་ གཞུང་ལམ་ཚུ་བདའ་སྟེ་ ས་རུད་ཆད་མི་ཚུ་ སེལ་དོ་ཡོདཔ་ད་ ཕུན་ཚོགས་གླིང་དང་ ཐིམ་ཕུའི་བར་ན་འབད་བ་ཅིན་ འགྲུལ་བསྐྱོད་འབད་མི་ཚུ་གིས་ དམ་ཆུ་ལས་ ཆུ་ཁ་ཚུན་གྱི་ ཕྲང་ལམ་བརྒྱུད་དེ་མིན་པར་ རྩི་མ་ཀོ་ཁྲིའི་ འཁོར་ལམ་དང་ སོར་ཅན་གྱི་ ཟུར་ལམ་ཚུ་བརྒྱུད་དེ འགྲུལ་བསྐྱོད་འབདཝ་ཨིན་པའི་གནས་ཚུལ།
ཟད་འགྲོ་བཏང་སྟེ་ བཟོ་བསྐྲུན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1432613
Views Today :
Total views : 5000
Who's Online :