
ཨེན་ཌི་ཊི་ཝི།
སྤྱི་ཟླ་འདི་གི་ ཟླ་མཇུག་ལུ་ ཏ་ཡེ་ཝཱན་གྱིས་ ལོ་བསྟར་ཕྱད་མདའི་ རྩེད་སྟོན་ནང་ རྒྱ་ནག་གི་ འགག་སུབ་སྡེ་ཚན་ འཕྱལ་བཏང་པའི་ དཔེ་སྟོན་འབད་ནི་གི་ ལས་རིམ་ཡོད་པའི་ སྔ་གོང་ལུ་ བདུན་ཕྲག་འདི་ནང་ རྒྱ་ནག་གིས་ ཏ་ཡེ་ཝཱན་མཐའ་བསྐོར་ཏེ་ རྒྱ་མཚོའི་ནང་ལས་ཕར་ དྲག་པོའི་སྦྱོང་བརྡར་ཐོག་ལས་ སྟོབས་ཤུགས་ངོམ་སྟོན་འབད་ཡོདཔ་སྦེ་ཨིན་པས།
རྒྱ་ནག་གིས་ ཏ་ཡེ་ཝཱན་དེ་ ཁོང་གི་དམངས་གཙོའི་ གཞུང་འོག་ལུ་ཨིནམ་སྦེ་ ངོས་ལེན་འབད་དགོ་པའི་ ཨེབ་ཤུགས་རྐྱབ་སྟེ་ འདས་པའི་ལོ་ངོ་ ༣ གྱི་རིང་ལུ་ ཏ་ཡེ་ཝཱན་མཚོ་གླིང་རྒྱལ་ཁབ་ མཐའ་བསྐོར་ཏེ་ རྒྱ་མཚོའི་ནང་ དམག་སྦྱོང་ཚུ་ཡང་ འཕྲལ་འཕྲལ་སྦེ་ར་ འགོ་འདྲེན་འཐབ་ནུག།
དེ་མ་ཚད་ རྒྱ་ནག་གིས་ ཏ་ཡེ་ཝཱན་གྱི་ མཁའ་དབྱིངས་ནང་ མཁའ་དམག་གནམ་གྲུ་དང་ གས་རྫས་འབག་མི་ གནམ་གྲུ་ཚུ་གིས་མ་ཚད་པར་ གནམ་གྲུ་གཞན་ཚུ་ཡང་ འཕུར་འགྲུལ་འབད་བའི་ཁར་ གནམ་གྲུ་ལ་ལོ་ཅིག་ ཏ་ཡེ་ཝཱན་དང་ ཕི་ལི་པིན་གྱི་ ས་མཚམས་ཁར་ཡོད་མི་ མཚོ་བར་གྱི་ཆུ་ལམ་ བ་ཤི་ཟེར་མི་བརྒལ་ཏེ་ པེ་སི་ཕིག་ རྒྱ་མཚོའི་མགུ་ལས་ཕར་ཡང་ འཕུར་ཡོདཔ་སྦེ་ཨིན་པས།
གནད་དོན་དེ་ཚུའི་སྐོར་ལས་ རྒྱ་ནག་གི་ སྲུང་སྐྱོབ་ལྷན་ཁག་ལས་ ག་ནི་ཡང་ སླབ་མ་བཏུབ་རུང་ སྤྱི་ཟླ་ ༧ པའི་ཚེས་ ༡༣ ལུ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ལས་ རྒྱ་ནག་གི་ མི་སེར་ཚུ་གིས་ རྒྱ་ནག་གི་ རང་དབང་དང་ ས་མཚམས་ཀྱི་ དྲང་བདེན་བསྲུང་ནི་ལས་ འགྱུར་དགོཔ་མེད་ཟེར་བཤད་ནུག།
ཏ་ཡེ་ཝཱན་གྱི་ ཧཱན་ཀུང་རྩེད་སྟོན་དེ་ སྤྱི་ཟླ་འདི་གི་ བདུན་མཐའ་ལུ་ བརྩི་སྲུང་འབད་ནི་ཨིན་མི་དེ་ནང་ ཁོང་རའི་རྒྱལ་སྤྱི་གནམ་ཐང་ སྲུང་སྐྱོབ་འབད་ནི་དང་ རྒྱ་ནག་གིས་ འགག་སུབ་རེ་འབད་བ་ཅིན་ དེ་གི་གདོང་ལན་ལུ་ རྒྱ་མཚོ་ནང་གི་ བརྒྱུད་ལམ་ཚུ་ ག་དེ་སྦེ་ ཕྱེ་བཞག་ནི་ཨིན་ན་ཚུ་ལུ་ གཙོ་བོར་བཏོན་ནི་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 992
Users Yesterday : 1303
This Month : 66664
This Year : 295505
Total Users : 1007321
Views Today : 2285
Total views : 2928317
Who's Online : 9