
བི་བི་སི།
རྒྱ་གར་གྱི་ མངོན་མཐོ་ཁྲིམས་འདུན་ལས་ རྒྱ་གར་གྱི་ ལྡོག་ཕྱོགས་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་གིས་ ཁ་ཉེས་བཀལ་མི་ལུ་ ཉེས་ཁྲིམས་བཀལ་མི་དེ་ ཕར་འགྱངས་འབད་དགོ་པའི་ མཐོ་གཏུགས་ཞུ་མི་དང་འབྲེལ་ཏེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དེ་ཡང་ ཁྲིམས་འདུན་ལས་ རྩོད་རྩ་བི་ཇེ་པི་སྲིད་ཚོགས་ཀྱི་ པུར་ནེཤ་མོ་དི་ལུ་ ཤུལ་མའི་སྙན་གསན་དེ་ སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ མཛད་ནི་ཨིན་པའི་ བཀའ་རྒྱ་གནང་ཡོདཔ་ད་ ར་ཧཱུལ་གཱན་དྷི་གིས་ བཙག་འཐུ་ཚུ་ནང་ གྲལ་གཏོགས་འབད་ཆོག་དང་མི་ཆོག་དེ་ ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ རག་ལས་ནི་ཨིན་པས།
སྤྱི་ཟླ་འདི་གི་ ཟླ་འགོ་ལུ་ གུ་ཇ་རཱཏ་མངའ་སྡེའི་ ཁྲིམས་འདུན་ཅིག་གིས་ ར་ཧཱུལ་གཱན་དྷི་ལུ་ བཀལ་ཡོད་མི་ ཉེས་ཁྲིམས་དེ་ དྲང་བདེན་དང་ འབབ་ལྟོས་ཅན་ཡོདཔ་སྦེ་ ཁོ་གི་མཐོ་གཏུགས་དེ་ ཕྱིར་འབུད་འབད་ནུག།
ར་ཧཱུལ་གཱན་དྷི་གིས་ བསྐུལ་བསྒྲགས་སྐབས་ལུ་ བློན་ཇོན་ན་རེན་དར་ མོ་དིའི་མིང་གི་སྐོར་ལས་ བརྙས་བཅོས་འབད་མི་ལུ་ ལོ་ངོ་ ༢ ཀྱི་ བཙོན་ཁྲིམས་སྨིན་ཡོད་རུང་ ཁྲིམས་རྩོད་ཀྱི་ བྱ་སྒོ་ཡོངས་རྫོགས་ མ་འགྲུབ་ཚུན་ འཛིན་བཟུང་འབདཝ་ཨིན་པས།
ཨིན་རུང་ ར་ཧཱུལ་གཱན་དྷི་ལུ་ བཙོན་ཁྲིམས་སྨིན་པའི་ཤུལ་ལས་ སྤྱི་ཚོགས་ཀྱི་ འཐུས་མིའི་གོ་གནས་ཁར་ སྡོད་མ་ཆོགཔ་སྦེ་ རྒྱ་གར་གྱི་ མངོན་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་གནང་ནུག།
དེ་ཡང་ སྤྱི་ཟླ་ ༣ པའི་ནང་ བཙོན་ཁྲིམས་བཀལ་བའི་ཤུལ་ལུ་ མངོན་མཐོ་ཁྲིམས་འདུན་ལས་ ལོ་ངོ་ ༢ དང་ ཡང་ཅིན་ དེ་ལས་ལྷག་པའི་ གནོད་འགེལ་གྱི་ བཙོན་ཁྲིམས་ཕོག་མི་ཅིག་གིས་ ཁྲིམས་བཟོ་ཚོགས་ཁང་གི་ འཐུས་མི་འབད་མི་ཆོག་ནི་ཨིནམ་ལས་ དེ་འཕྲལ་ལས་ ཕྱིར་བཏོན་འབད་དགོ་པའི་ བཀའ་རྒྱ་གནང་སྟེ་ ཉིནམ་ ༡ གི་ཤུལ་ལས་ སྤྱི་ཚོགས་ནང་ ཁོ་གི་སྡོད་ཁྲི་བྱང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1049
Users Yesterday : 1303
This Month : 66721
This Year : 295562
Total Users : 1007378
Views Today : 2441
Total views : 2928474
Who's Online : 7