
རོའི་ཊརཛ།
རྒྱ་གར་བྱང་ཕྱོགས་ཀྱི་ མངའ་སྡེ་ཅིག་ནང་ མི་རིགས་དང་འབྲེལ་བའི་ འཐབ་འཛིང་ཚུ་ ཐོན་ཏེ་ཡོད་མི་དེ་ འཇོམས་ཐབས་འབད་བཅུག་ནིའི་དོན་ལས་ ལྡོག་ཕྱོགས་སྲིད་ཚོགས་ཚུ་ མཉམ་འབྲེལ་གྱི་ཐོག་ལས་ སྤྱི་ཚོགས་ནང་ བློན་ཆེན་མོ་དིའི་གཞུང་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་བཙུགས་ཆོག་པའི་ གནང་བ་གྲོལ་ནུག།
ཨིན་རུང་ བློན་ཆེན་མོ་དིའི་སྲིད་ཚོགས་ བྷ་ར་ཏི་ཡ་ཇཱན་ཏ་གིས་ ཚོགས་ཁང་འོག་མའི་ནང་ སྡོད་ཁྲི་ ༥༤༢ འབད་ས་ལས་ ༣༠༡ འཆང་སྟེ་ཡོད་པ་ལུ་བརྟེན་ཏེ་ ཡིད་ཆེས་མེད་པའི་ ཚོགས་རྒྱན་དེ་གིས་ མོ་དི་གཞུང་གི་ བརྟན་གཞི་ལུ་ ཁྱད་པར་མི་བཟོ་ནི་ཨིན་པས།
ལྡོག་ཕྱོགས་ཀྱིས་ བྷ་ར་ཏི་ཡ་ཇཱན་ཏ་ སྲིད་ཚོགས་ཀྱིས་ དབང་ཚད་བཟུང་སྟེ་ཡོད་མི་ མཐའ་ཟུར་མངའ་སྡེ་ མ་ནི་པུར་ལུ་ གནོད་འཚེ་བྱུང་སྟེ་ མི་གྲངས་ ༡༣༠ དེ་ཅིག་ལུ་ ཤི་རྐྱེན་དང་ སྤྱི་ཟླ་ ༥ པའི་ ཟླ་འགོ་ལས་ཚུར་ མི་གྲངས་ ༦༠,༠༠༠ དེ་ཅིག་ལུ་ སྡོད་ས་བྱང་ཡོད་མི་ཚུ་གི་སྐོར་ལས་ རྩོད་འགྲན་ཅིག་ འགོ་འདྲེན་འཐབ་དགོཔ་སྦེ་བཤད་ནུག།
གནད་དོན་དེ་ལུ་ ཆ་གནས་ཐོག་ལས་ ཚོགས་ཁང་འོག་མའི་ཚོགས་དཔོན་ ཨོམ་བིར་ལ་གིས་ རྩོད་འགྲན་དང་ ཚོགས་རྒྱན་བཙུགས་ནི་ཚུ་ ལག་ལེན་འཐབ་ནི་གི་ དུས་ཚོད་དེ་ མགྱོགས་པ་ར་ ཐག་གཅད་འོང་ཟེར་ཨིན་པས།
ད་རེས་ མི་རློབས་ས་ཡ་ ༣.༢ འབད་མི་ མངའ་སྡེ་དེ་ནང་ འབྱེལཝ་ཐོན་མི་དེ་ཡང་ མོ་དི་གཞུང་གི་ སྲིད་འབྲེལ་གྱི་ འཐུས་ཤོར་བྱུང་པའི་གྲངས་སུ་ བརྩི་དོ་ཡོད་པའི་ཁར་ མངའ་སྡེ་དེ་ནང་ གུང་སྟོང་ལུས་མི་ སྡོད་ཁྱིམ་དང་ གཞུང་གི་ཡིག་ཚང་ དེ་ལས་ སྣུམ་འཁོར་ཚུ་ལུ་ མཚོན་ཆ་འབག་མི་ སྡེ་ཚན་ཚུ་གིས་ གནོད་པ་བཀལ་ཏེ་ཡོདཔ་སྦེ་ མ་ནི་པུར་མངའ་སྡེའི་ རྫོང་ཁག་ ༢ ལས་ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ སྙན་ཞུ་ཚུ་ཡང་ཐོབ་ནུག།
གནད་དོན་དེ་ཚུ་གི་སྐོར་ལས་ བློན་ཆེན་མོ་དི་གིས་ ག་ནི་ཡང་ བཤད་མ་བཏུབ་པར་ཡོད་རུང་ འདས་པའི་བདུན་ཕྲག་ནང་ མ་ནི་པུར་ལུ་ མི་མང་སྤུངས་འཛོམས་འབད་དེ་ ཨམ་སྲུ་ ༢ སྒྱེན་མོ་སྦེ་ འགྱོ་བཅུག་པའི་ བརྙན་ཐུང་ཚུ་ ཁྱབ་སྤེལ་འགྱོ་བའི་ཤུལ་ལུ་ དེ་བཟུམ་མའི་ བྱ་སྤྱོད་དེ་ ངོ་ཚ་མེད་པའི་ སྤྱོད་ངན་ཨིནམ་ལས་ དེ་བཟུམ་འབད་མི་ཚུ་ལུ་ དང་ལེན་སྒྲིང་སྒྲིང་སྦེ་ར་འབད་ནི་གི་ ཁས་ལེན་འབད་ཡོདཔ་ཨིན་པས།
གནམ་བྱཱར་གྱི་ སྤྱི་ཚོགས་དེ་ ལྡོག་ཕྱོགས་ཚུ་གིས་ བར་བཀག་རྐྱབ་ཐོག་ལས་ བློན་ཆེན་མོ་དི་གིས་ མ་ནི་པུར་གྱི་ བྱེལཝ་སྐོར་ལས་ སྤྱི་ཚོགས་ནང་ གསལ་བཤད་འབད་བའི་ཤུལ་ལུ་ རྩོད་འགྲན་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433168
Views Today :
Total views : 5000
Who's Online :