ལྷོ་ཀོ་རི་ཡ་ལུ་ ཚ་དྲོད་ཆེ་བའི་སྟབས་ཀྱིས་སྦེ་ མི་གྲངས་ ༡༦ ལུ་ཤི་རྐྱེན།

སི་ཨེན་ཨེན།
ལྷོ་ཀོ་རི་ཡའི་ ས་གནས་ལ་ལོ་ཅིག་ནང་ དྲོད་ཤུགས་སེལ་ཤི་ཡཱཛ་ ༣༨ ལས་ལྷག་པའི་ ཚད་གཞི་ཁར་ གནས་ཡོད་མི་དང་འབྲེལ་ཏེ་ མི་གྲངས་ ༡༦ དེ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ཀོ་རི་ཡའི་ ནད་གཞི་ཚད་འཛིན་དང་ སྔོན་འགོག་ལས་སྡེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ལས་ཚུར་ བྱུང་ཡོད་མི་ ཤི་རྐྱེན་དེ་ཡང་ ན་ཧིང་ དང་ཕྱདཔ་ད་ ལེ་ཤ་གིས་ མཐོཝ་སྦེ་ཨིན་མི་དེ་ཡང་ ན་ཧིང་ མི་གྲངས་ ༦ ལུ་མ་གཏོགས་ ཤི་རྐྱེན་མ་བྱུང་ཟེར་ཨིན་པས།
དྲོད་ཤུགས་མཐོ་ཤོས་ར་ ཇི་ཡོང་མངའ་སྡེའི་ཁྲོམ་ ཡེའོ་ཇུ་དང་ ཨཱན་སེ་ཡོང་ ༢ ཀྱི་ནང་ དྲོད་ཤུགས་སེལ་ཤི་ཡཱཛ་ ༣༨ ལྷགཔ་རེ་ལུ་ གནས་ཡོདཔ་ད་ དེ་བཟུམ་མའི་ དྲོད་ཤུགས་ལུ་བརྟེན་ཏེ་ ས་གནས་ཀྱི་ དབང་འཛིན་ཚུ་གིས་ ཉེན་ཁ་ཅན་གྱི་ མི་རློབས་ཚུ་ དབྱེ་ཞིབ་ཐོག་ལས་ གྲིབ་བསིལ་གྱི་གུར་དང་ ཉིན་གདུགས་ཚུ་བཟུམ་མའི་ དྲོད་ཤུགས་ཚད་འཛིན་གྱི་ མཐུན་རྐྱེན་ཚུ་ བཀྲམ་སྤེལ་འབད་ནུག།
ཀོ་རི་ཡའི་ ཚོང་འབྲེལ་ཚོགས་པ་གིས་ ཕྱི་ཁར་བཟོ་བསྐྲུན་དང་འདྲ་བའི་ ལཱ་འབད་མི་ཚུ་གི་ འཕྲོད་བསྟེན་ལུ་ ཉེན་ཁའི་ཚ་གྱང་ཡོད་ལུགས་ཚུ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: