
ཨེ་བི་སི།
སྤྱི་ཟླ་ ༥ པའི་ནང་ རྒྱལ་ཡོངས་བཙག་འཐུའི་ནང་ལས་ རྒྱལ་ཁ་ཐོབ་མི་ མཐའ་ཡས་ལེན་གྱི་ མུབ་ཕོར་ཝཱཌ་ སྲིད་ཚོགས་དེ་ ཤུལ་མའི་གཞུང་སྐྱོང་ གཞི་བཙུགས་ཀྱི་གྲངས་སུ་མེདཔ་སྦེ་ ཧེ་མའི་མཐུན་ཕྱོགས་སྲིད་ཚོགས་ཀྱིས་ བཤད་ཡོདཔ་ཨིན་པས།
དེ་ཡང་ པི་ཏ་ ལིམ་ཇ་རོ་ཨེན་རཏ་གིས་ འགོ་ཁྲིད་ཐོག་ལུ་ སྲིད་ཚོགས་ ༨ མཉམ་བསྡོམས་འབད་དེ་ཡོད་མི་ མུབ་ཕོར་ཝཱཌ་ སྲིད་ཚོགས་ཀྱིས་ ཚོགས་ཁང་འོག་མའི་དོན་ལུ་ འཐུས་མི་གྲངས་ ༥༠༠ ལས་ སྡོད་ཁྲི་ ༣༡༢ ཡ་མཚན་ཆེ་བཏོག་ཏོ་སྦེ་ རྒྱལ་ཁ་ཐོབ་ནུག།
ཨིན་རུང་ ཅཱོན་ལ་ནཱན་ སི་རི་ཀེའུ་གིས་ འགོ་ཁྲིད་འབད་དེ་ཡོད་མི་ སྲིད་ཚོགས་མཉམ་བསྡོམས་ཀྱི་ ཕིའུ་ཐའེ་སྲིད་ཚོགས་ཀྱིས་ གནས་ཚུལ་ཞལ་འཛོམས་ཅིག་ནང་ སྲིད་ཚོགས་དེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མུབ་ཕོར་ཝཱཌ་ སྲིད་ཚོགས་ཀྱིས་ རྒྱལ་ཁབ་ནང་ རྒྱལ་བརྒྱུད་ལུ་ བརྙས་བཅོས་འབད་མ་ཆོག་པའི་ ཁྲིམས་ལུགས་བཙན་དྲགས་ཡོད་མི་དེ་ འཕྲི་སྣོན་འབད་ནི་གི་ གྲོས་འཆར་བཀོད་མི་ལུ་ སྲིད་ཚོགས་གཞན་དང་ དྲག་པོའི་དམག་སྡེ་གིས་ བསྐོ་བཞག་གྲུབ་མི་ ཚོགས་ཁང་གོང་མའི་ནང་ལས་ ངོས་ལེན་གྲུབ་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ སྲིད་ཚོགས་གཞན་དང་ མཉམ་འབྲེལ་ཐོག་ལས་ ཕིའུ་ཐའེ་སྲིད་ཚོགས་ཀྱིས་ གཞུང་སྐྱོང་གཞི་བཙུགས་འབད་ནི་དང་ བློན་ཆེན་གྱི་དོན་ལུ་ གཞིས་ཁྱིམ་གྱི་སྦྱིན་བདག་ སེ་རེ་ཐ་ ཐ་བི་སིན་དེ་ གདམ་འཐུ་འབད་ནུག།
ཧེ་མའི་ཟླཝ་ནང་ འཐུས་མི་ ༢༥༠ འབད་མི་ ཚོགས་ཁང་གོང་མའི་ནང་ བློན་ཆེན་གྱི་དོན་ལུ་ ཚོགས་རྒྱན་བཙུགསཔ་ད་ པི་ཏ་གིས་ ཚོགས་རྒྱན་ ༡༣ ལས་ མ་ཐོབ་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1432868
Views Today :
Total views : 5000
Who's Online :