མཐའ་ཡས་ལེན་ལུ་ རེ་ལི་དང་ སྣུམ་འཁོར་གྱི་བར་ན་ ཐུག་རྐྱེན་བྱུང་སྟེ་ མི་ ༨ ལུ་ཤི་རྐྱེན།

ཨེ་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ མཐའ་ཡས་ལེན་གྱི་ མངའ་སྡེ་ཅིག་ནང་ དོ་སྐྱེལ་འདྲེན་འབད་མི་ རེ་ལི་ ༡ དང་ སྣུམ་འཁོར་གྱི་བར་ན་ ཐུག་རྐྱེན་བྱུང་སྟེ་ མི་ ༨ ལུ་ ཤི་རྐྱེན་དང་ གཞན་མི་ ༤ ལུ་ རྨ་སྐྱོན་བྱུང་ནུག།
སྐྱེས་ལོ་ ༥༤ འབད་མི་ སྣུམ་འཁོར་དེད་གཡོགཔ་ ཝི་ཅའེ་ཡུ་ལེག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ རེ་ལི་འོང་སར་ མཐོང་ཡོད་པའི་ཁར་ རེ་ལིའི་སྐད་ཡང་ གོ་ཡོདཔ་ལས་ སྣུམ་འཁོར་གྱི་ ཤུགས་ཚད་མར་ཕབ་འབདཝ་ད་ སྣུམ་འཁོར་ནང་གི་ འགྲུལ་པ་ཚུ་གིས་ མ་སྒུག་པར་ འགྱོ་དགོ་པའི་ ནན་བསྐུལ་འབད་དེ་ སོང་ཡོདཔ་ལས་ སྣུམ་འཁོར་བཀག་མ་ཚུགས་ཟེར་ཨིན་པས།
དེ་སྦེ་ ཤི་རྐྱེན་བྱུང་མིའི་གྲངས་སུ་ སྐྱེས་ལོ་ ༡༨ འབད་མི་ ༡ དང་ སྐྱེས་ལོ་ ༢༠ རྩ་གྲངས་འབད་མི་ ༢ དེ་ལས་ སྐྱེས་ལོ་ ༥༥ ཡན་ཆད་འབད་མི་ ༥ ཡོདཔ་ད་ རྨ་སྐྱོན་བྱུང་མི་ མི་ངོམ་ ༤ པོ་ སྐྱེས་ལོ་ ༢༠ རྩ་གྲངས་ནང་འབད་མི་ཚུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: